དབུ་ཤོག>གསར་འགྱུར།
  • གཞིས་རྩེའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་དམར་འབྱར་ལ་སྒོར་ཁྲི་300ལྷག་ཙམ་རི་བའི་འོ་རྩམ་རག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-23

     ཉེ་ཆར་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས། པེ་ལཱ་སྨི་བཟའ་བཅའ་ཚོང་དོན(ཧྲང་ཧའེ)ཚད་ཡོད་ཀུང་སི་བཅས་ཀྱིས་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་དང་གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པར་འོ་རྩམ་ཞལ་འདེབས་རྒྱག་པའི་མཛད་སྒོ་གཞིས་རྩེར་སྤེལ་ཞིང་། ཁྱོན་སྒོར་ཁྲི་291.796རི་བའི་འོ་རྩམ་ལྕགས་ཀྲིན་6570ཞལ་འདེབས་བརྒྱབ་པ་རེད།

    ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག“འཚོ་བཅུད་ཀུན་ཕན། ལྷག་བསམ་གཅེས་སེམས། པེ་ལཱ་སྨིས་ཀྲུང་གོའི་ཕྲུ་གུ་དམར་འབྱར་གྱི་བདེ་ཐང་སྲུང་བའི་སྤྱི་ཕན་བྱེད་སྒོས”“བདེ་སྐྱིད་ཁྱིམ་གཞིས”ལ་རོགས་རམ་བྱེད་པའི་འདུ་འགོད་གཞིས་རྩེར་སྤེལ་ནས། གཞིས་རྩེའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་དམར་འབྱར་དེ་བས་མང་བར་ཕན་པ་ཐོབ་པ་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་དང་། གཞིས་རྩེ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ། རོགས་སྐྱོར་ཐོབ་པའི་ཁྱིམ་ཚང་བཅས་ཀྱི་ཚབ་ཞུས་ནས་ཞལ་འདེབས་རྒྱག་མཁན་ཕྱོགས་ལ“ལྷག་བསམ་རོགས་སྐྱོར། གཅེས་སེམས་ཡུན་གནས”ཞེས་པའི་གོས་དར་སྤྲད་པ་དང་འབྲེལ། ཞལ་འདེབས་རྒྱག་མཁན་ཕྱོགས་ཀྱི་དགེ་སྒྲུབ་བྱ་སྤྱོད་དང་ཤུགས་ཆེའི་རྒྱབ་སྐྱོར་དང་གཞིས་རྩེ་གྲོང་ཁྱེར་ཕན་བདེ་ཁང་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་དམར་འབྱར་གྱི་བདེ་ཐང་འཚར་ལོངས་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། དགེ་སྒྲུབ་བྱ་སྤྱོད་དེ་ལས། བློ་རྒྱ་ཆེན་པོ་དང་། བླ་ན་མེད་པའི་སྤྱོད་བཟང་། སྤྱི་ཚོགས་ཀྱི་འགན་སེམས་ཆེན་པོ་བཅས་མངོན་ཡོད་ལ། དངོས་པོའི་ཐོག་གི་རོགས་སྐྱོར་ཙམ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་བསམ་བློའི་སྐུལ་ལྕག་བྱས་ཁར། དཀའ་ངལ་ཡོད་པའི་མང་ཚོགས་ཚོས་ཏང་ཨུད་དང་། སྲིད་གཞུང་། སྤྱི་ཚོགས་ཡོངས་བཅས་ཀྱི་ཐུགས་ཁུར་མཚོན་པ་དང་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་བདེ་སྐྱིད་འཚོ་བ་གཏོད་པའི་བློ་སྟོབས་དང་ཡིད་ཆེས་འཕེལ་བ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱི་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་དམངས་སྲིད་སྡེ་ཚན་དང་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས“དབུལ་སྐྱོར་དཀའ་སེལ་དང་། དགེ་སྒྲུབ་ལས་ལ་བརྩོན་པའི”དམིགས་ཡུལ་མཐའ་འཁྱོངས་དང་། “དམངས་རྩ་བར་བརྩི་བ་དང་དམངས་ལ་ཞབས་འདེབས་ཞུ་བའི”ལས་ཀའི་འདུ་ཤེས་བརྟན་པོར་འཛུགས་པ། “ཡོངས་བསྒྲགས་དང་། གཞུང་དྲང་། ཚད་ལྡན། ཁ་གསལ”བཅས་ཀྱི་རྩ་དོན་མཐའ་འཁྱོངས། ལས་ཀའི་སྤུས་ཚད་དང་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོར་གཏོང་། ཞལ་འདེབས་མ་དངུལ་དང་དངོས་པོར་ཚད་མཐོའི་མཐོང་ཆེན་བཅས་བྱས་ནས། རོགས་སྐྱོར་ཕན་འབྲས་ཐོན་པ་དང་དགེ་སྒྲུབ་བྱ་གཞག་ལ་རྣམ་པ་གསར་པ་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།