དབུ་ཤོག>གསར་འགྱུར།
  • འགྲན་སློབ་སྙེག་བརྒལ་བྱས་པས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད་བསམ་པའི་རིག་གནས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-23

    རྩོམ་སྒྲིག་པའི་སྦྲགས་མཆན།

    “རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱས་ཏེ། མང་ཚོགས་ལ་དེ་བས་ལེགས་པའི་ཁྲིད་སྟོན་དང་ཞབས་འདེགས་ཞུ་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། རྒྱ་ཆེའི་གཞི་རིམ་གྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་པས“ནུས་པ་བཞི”ཟམ་མི་ཆད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ནས། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་གསོན་ཉམས་དོད་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་འདོན་པ་དང་། 2021ལོའི་ཟླ་དང་པོ་ནས་བཟུང“སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”གྱི་སློབ་སྦྱོང་ལས་སྟེགས་སུ་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་ཕུལ་བྱུང་བརྩམས་ཆོས་ཟླ་གཉིས་རེར་འགྲན་བསྡུར་བྱས་ཡོད། 2021ལོའི་ལོ་ཧྲིལ་པོར་ཟླ་གཉིས་ཀྱི་འགྲན་བསྡུར་ཁག་6སྒྲིག་འཛུགས་བྱས་པ་དང་བོད་ཀྱི་བརྩམས་ཆོས་4ལ་བྱ་དགའ་ཐོབ་པ་དེའི་ནང《མཚོ་སྨད་རྫོང་སྒྲུབ་སྡེ་གྲོང་ཚོ་དང་བྲག་རྩ་གྲོང་ཚོས་འགྲན་སློབ་སྙེག་བརྒལ་་བྱས་པར་བརྟེན་ཡོང་འབབ་མང་དུ་ཕྱིན་པ་མ་ཟད་བསམ་པའི་རིག་གནས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་པ》ཞེས་པར་རྒྱལ་ཡོངས་ཀྱི་ཡིག་རིས་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། དེ་རིང་བརྩམས་ཆོས་འདི་འགོད་རྒྱུ་ཡིན།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ནས། གྲོང་ཚོ་དང་སྡེ་ཁུལ་གྱི་རྣམ་པ་ཡག་ཏུ་གཏོང་བ་དང་ཞིང་འབྲོག་པའི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས“བློ་རིག་གཉིས་སྐྱོར”དང“འདུ་ཤེས་ལེགས་གཏོང”དམ་འཛིན་བྱ་གཞིར་བྱས་ནས“བསམ་པའི་ཞན་ཆ”བསལ་སྟེ་དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་སུ་བཏང་བས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།

    a2454910-9ffd-4f02-823f-83eda07e9083.jpg.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྒྲུབ་སྟེ་གྲོང་ཚོའི་གྲོང་མི་བདེ་སྐྱིད་མཚོ་མོ་ལས་ཡུལ་ནས་ཕ་ཡུལ་དུ་ལོག་རིང་འཐག་འཐག་བཞིན་པ།

    བསམ་བློའི་འཆིང་རྒྱ་མེད་པར་བཟོས་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་འབད་འབུངས་བྱེད་པ།

    སྒྲུབ་སྡེ་གྲོང་ཚོ་དང་བྲག་རྩ་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་རེད།

    སྒྲུབ་སྡེ་གྲོང་ཚོར་བེད་སྤྱོད་ཆོག་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི་3.1ལས་མེད་པ་དང་། ཕྱུགས་རིགས་ཉུང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྐྱང་པ་བཅས་ཡིན་པའི་ཁར་གྲོང་མིའི་བསམ་བློའི་འདུ་ཤེས་རྗེས་ལུས་ཡིན་པ་མ་ཟད། འབྲོག་ལས་གཙོ་བོར་འཛིན་པས་གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་དུས་ཡུན་རིང་པོའི་ནང་འགོག་རྐྱེན་ཆེན་པོ་བཟོས་ཡོད།

    བྲག་རྩ་གྲོང་ཚོ་ནི་དེ་ལས་ལྡོག་སྟེ་གྲོང་མིའི་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་ཟབ་ལ་ཕྱུག་འགྱུར་གྱི་ཡིད་ཆེས་ཀྱང་ཆེན་པོ་ཡོད་ཅིང་། གྲོང་ཚོ་དེར་ལོ་ཧྲིལ་པོར་ཕྱིར་གླ་པར་སྐྱོད་མཁན་500ལྷག་ཙམ་ཡོད་པ་དེ་མཚོ་སྨད་རྫོང་གི་མི་རེའི་ཆ་སྙོམས་ཡོང་འབབ་མཐོ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་། སྒྲུབ་སྡེ་གྲོང་ཚོས“བློ་རིག་གཉིས་སྐྱོར”དང“འདུ་ཤེས་ལེགས་གཏོང”ལ་དམ་འཛིན་བྱ་གཞིར་བྱས་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ཡིད་ཆེས་ཆེ་རུ་དང་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་བར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་གཅིག་སྡུད་སྒྲོག་འགྲེལ་གྱི་བྱ་ཐབས་སྤྱད་དེ་སྲིད་ཇུས་ལ་སྣང་ཆེན་དང་ཡིད་ཆེས་འཕེལ་བར་བྱས་ཏེ་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་ལྕག་སྐུལ་བྱེད་ཀྱི་ཡོད། དེའི་ཁར་ཉེ་འགྲམ་གྲོང་ཚོའི་ཤུགས་རྐྱེན་ཐེབས་ནས་སྒྲུབ་སྡེ་གྲོང་ཚོའི་གྲོང་མིའི་དཔལ་འབྱོར་འདུ་ཤེས་དང་ཕྱུག་འགྱུར་གྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    སྒྲུབ་སྡེ་གྲོང་ཚོའི་གྲོང་མི་ཀུན་བཟང་ཆོས་སྐྱིད་ནི་རིམ་བཞིའི་དབང་པོ་སྐྱོན་ཅན་ཞིག་རེད། ལོ་འགའི་སྔོན་དུ་ནང་མི་མང་ལ་ངལ་རྩོལ་ནུས་ཤུགས་ཉུང་བས་ཁོང་ཁྱིམ་ནི་སྒྲུབ་སྡེ་གྲོང་ཚོའི་ཁྱིམ་ཚང་དབུལ་ཤོས་ཀྱི་གྲས་ཤིག་རེད། བློ་སྟོབས་ཆེ་བའི་ཀུན་བཟང་ཆོས་སྐྱིད་ཀྱིས་བྲག་རྩ་གྲོང་ཚོའི་ན་གཞོན་མང་པོ་ཞིག་ཕྱིར་ཚོང་ལས་གཉེར་བར་བསྐྱོད་ནས། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁྱིམ་ཚང་གི་ཆ་རྐྱེན་ལེགས་སུ་བཏང་བ་མཐོང་སྟབས་2010ལོར་ཁོང་གིས་ལྷ་སར་འཚེམ་བུ་སྦྱོང་བར་འགྲོ་རྒྱུའི་སེམས་ཐག་བཅད། ལོ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད་ཀུན་བཟང་ཆོས་སྐྱིད་ཀྱིས་ལྷ་སར་རང་ཉིད་ཀྱི་འཚེམ་ཁང་ཞིག་བཙུགས་པ་དང་། ཁོང་དང་གཅེན་གཅུང་གཉིས་པོས་ལས་སྣོན་བྱེད་འགན་འཁུར་བ། གཅེན་པོས་ས་གནས་ཁག་ཏུ་དངོས་ཟོག་སྐྱེལ་འདྲེན་བྱེད་འགན་འཁུར་བ་བཅས་བྱས་མཐར་ངལ་རྩོལ་ནུས་ཤུགས་ཡོད་པའི་ནང་མི་ཚང་མ་ལས་ཀར་ཞུགས་ཐུབ་པ་བྱུང་ཡོད། འཚེམ་ཁང་དེར་ཐོན་སྐྱེད་བྱས་པའི་རུམ་དང་རྒྱབ་སྙེས་སོགས་ལ་ལྷ་ས་དང་ལྷོ་ཁ་སོགས་ཀྱི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་2020ལོར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་20ལྷག་ཙམ་ཟིན་ཡོད་པ་རེད།

    སྒྲུབ་སྡེ་གྲོང་ཚོའི་གྲོང་མི་ཁྲ་དོད་ནི་གྲོང་ཚོ་དེར་སྐད་གྲགས་ཆོད་པའི་འཇོན་ཐང་ཅན་ཞིག་ཡིན་ཞིང་། 2011ལོར་བྲག་རྩ་གྲོང་ཚོའི་གྲོང་མི་ཞིག་གིས་ཟོག་འདྲེན་རླངས་འཁོར་ཉོས་ནས་ཡོང་འབབ་རག་པ་མཐོང་འཕྲལ། ཁོང་གིས་ཀྱང་འབོར་ཉུང་དངུལ་བུན་གཡར་ནས་ཟོག་འདྲེན་རླངས་འཁོར་ཞིག་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ལ་གཞོལ། ལོ་གསུམ་ནང་ཁྲ་དོད་ཀྱིས་སླར་ཡང་ཟོག་འདྲེན་རླངས་འཁོར་ཞིག་དང་ལྡུག་འཁོར་ཆུང་གྲས་གཉིས་ཉོས་པ་མ་ཟད་ད་དུང་སྒྲུབ་སྡེ་གྲོང་ཚོ་དང་གྲི་གུ་གྲོང་རྡལ་དུ་ཟ་ཁང་བཙུགས་ནས་གྲོང་མི་བཞི་ལས་ཞུགས་བརྟན་པོ་བྱུང་བར་སྣེ་ཁྲིད་བྱས་པ་རེད།

    སྒྲུབ་སྡེ་གྲོང་ཚོར་ཀུན་བཟང་ཆོས་སྐྱིད་དང་ཁྲ་དོད་ལྟ་བུའི་བསམ་བློར་འགྱུར་ལྡོག་ཕྱིན་པ་དང་འབབ་འཕར་མངོན་འགྱུར་བྱུང་བའི་གྲོང་མི་མང་པོ་ཡོད།

    2019ལོའི་ལོ་མཇུག་བར། སྒྲུབ་སྡེ་གྲོང་ཚོར་དབུལ་པོ་ཐོན་ཚད་0%བར་ཆག་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་11500བར་འཕར་ནས་བྲག་རྩ་གྲོང་ཚོའི་ཡོང་འབབ་དང་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད།

    ལུགས་རྙིང་སྲོལ་ངན་མེད་པར་བཟོས་ནས་ཡུལ་སྲོལ་ཤེས་དཔལ་བཏོད་པ།

    ཉེ་བའི་ལོ་ཤས་རིང་། བྲག་རྩ་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་བརྟེན་ནས་གྲོང་ཚོ་དང་སྡེ་ཁུལ་གྱི་རྣམ་པ་ལེགས་སུ་བཏང་བ་དང་། ཞིང་འབྲོག་པའི་སྡོད་མལ་ཁོར་ཡུག་ཡག་ཏུ་བཏང་བ། གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    དེ་སྔའི་བྲག་རྩ་གྲོང་ཚོའི་གང་སར་གད་སྙིགས་ཀྱིས་ཁེངས་པ་དང་། ལྷགས་པ་ལྡང་སྐབས་གད་སྙིགས་དང་ཐལ་རྡུལ་གང་སར་འཁྱེར་བ། ཁང་པའི་བཀོད་པ་ཟང་ཟིང་ཆེ་བ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཞན་པ། གྲོང་མི་སྤྱི་ཡོངས་ཀྱི་བྱང་ཚད་དམའ་བ། རྒྱན་པོ་འགྱེད་པ་དང་། ཆང་རག་ཚོད་མེད་འཐུང་བ། ཁྱིམ་ཚང་གི་རྩོད་གཞི་རྟག་ཏུ་ཐོན་པ། ཁང་པའི་རྒྱབ་མདུན་དུ་བཙོག་གཅིན་གྱིས་ཁེངས་པ་བཅས་ཀྱི་སྣང་ཚུལ་གང་སར་མཐོང་རྒྱུ་ཡོད།

    2018ལོར་མང་ཚོགས་ཀྱི་བསམ་འདུན་རྒྱ་ཁྱབ་ངང་བསྡུ་ལེན་བྱས་རྗེས་མཚོ་སྨད་རྫོང་གིས་དུད་ཚང་169ཡི་མི་788གནས་སྤོ་མཁན་དུ་གནད་སྨིན་ངང་གཏན་འཁེལ་བྱས་པ་རེད། 2020ལོའི་ཟླ་6པར་མང་ཚོགས་ཚང་མ་ཁང་པ་གསར་པར་སྤོས་པ་དང་སྡོད་ཁང་གི་ཁོར་ཡུག་ལེགས་སུ་ཕྱིན་ཡོད། དེས་ན་ལུགས་རྙིང་སྲོལ་ངན་མེད་པར་བཟོས་ནས་ཡུལ་སྲོལ་ཤེས་དཔལ་དུ་འགྱུར་བ་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན།

    གྲོང་མིར་གོམས་གཤིས་བཟང་པོ་འཇགས་ནས་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱ་ཆེད་བྲག་རྩ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཞིང་། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་རྗེས་དེ་སྔའི་གྲོང་སྲོལ་དམངས་ཆིངས་ཀྱི་རྨང་གཞིའི་ཐོག་གཉེན་སྒྲིག་རྩོད་གཞི་དང་། ཆང་རག་བཏུང་ནས་ཟིང་ཆ་སློང་བ། ལུགས་རྙིང་སྲོལ་ངན་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། གྲོང་སྲོལ་དམངས་ཆིངས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་རེད། ད་ཆ་བྲག་རྩ་གྲོང་ཚོའི་གཉེན་སྒྲིག་རྩོད་གཞི་དང་བདེ་འཇགས་གྱོད་གཞི་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད།

    གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགན་ལེན་ཤུགས་ཆེན་འོག་ད་ཆའི་བྲག་རྩ་གྲོང་ཚོ་དང་སྒྲུབ་སྡེ་གྲོང་ཚོའི་སྡོད་མལ་ཁོར་ཡུག་དང་། ཡུལ་སྲོལ་ཤེས་དཔལ། གྲོང་མི་འབྱོར་ཕྱུག འཚོ་བ་གྲ་རྒྱས་བཅས་བྱུང་ནས་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཆེན་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།