དབུ་ཤོག
  • མི་ལ་ལར་མགོ་སྐོར་ཐེབས་འདུག དྲ་ཐོག་ནས་ཉོ་མཁན་ཚོས་དོགས་ཟོན་གནང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-22

    ཉེ་ཆར། ས་གནས་མང་པོར་མྱུར་སྐྱེལ་དངོས་རྫས་ལ་ནད་དུག་འགོས་པའི་གྱོད་དཔེ་ཐོན་ཡོད། གལ་ཏེ་སྐབས་དེར་མི་ཞིག་གིས་ཁྱོད་ཀྱི་བསྐུར་མར་ནད་དུག་འགོས་འདུག་ཅེས་བཤད་ཚེ། ཁྱོད་ཀྱིས་གང་འདྲ་བྱེད་དམ། གལ་ཏེ“མྱུར་སྐྱེལ་ཀུང་སིས”ཡང་ཁྱེད་ལ“བསྐུར་མ་དེ་མེད་པ་བཟོས་ནས་ཁྱེད་ལ་སྐྱིན་ཚབ་འཇལ་རྒྱུ་ཡིན”ཞེས་བཤད་ན། ཁྱོད་ཀྱིས་དགའ་སྤྲོའི་ངང་དང་ལེན་བྱེད་སྲིད་དམ། 

    གཟབ་གཟབ་གནང་། གལ་ཏེ་ཁྱོད་ལ་གནས་ཚུལ་འདི་རིགས་འཕྲད་ན་ངེས་པར་དུ་དོགས་ཟོན་ཆེར་པོ་བྱེད་དགོས། ཉེ་དུས། ས་ཁུལ་མང་པོའི་ཉེན་རྟོག་པར“བསྐུར་མར་ནད་དུག་འགོས་ནས་སྐྱིན་ཚབ་འཇལ་བར”ཁ་གཡར་ཏེ་ཁ་བསླུས་རྒྱག་པའི་གྱོད་གཞིའི་གནས་ཚུལ་མང་པོ་འབྱོར།

    གྱོད་དཔེ།

    微信图片_20220322111346.png

    ཉེ་ཆར། ཀྲེ་ཅང་དབྱི་ཝུའུ་ཡི་གྲོང་མི་ཝང་ལགས་ལ་མྱུར་སྐྱེལ་ཀུང་སི་ནས་ཡིན་ཞེས་པའི་ཁ་པར་ཞིག་འབྱོར། ཕ་རོལ་པོས་ཁོང་ལ་མྱུར་སྐྱེལ་བསྐུར་མར་ནད་དུག་འགོས་ཡོད་པས་མེད་པར་བཟོ་དགོས་ཞེས་བཤད་པ་དང་འབྲེལ་སྐྱིན་ཚབ་འཇལ་ལུགས་སྐོར་བཤད། གནས་ཚུལ་དེ་ཐོས་མ་ཐག ཏོག་གསར་གློ་ཚད་དང་འབྲེལ་བ་ཡོད་རྐྱེན་ཁོང་དངངས་འཚབ་ཆེན་པོ་ལངས་ནས། ཐེ་ཚོམ་སྤུ་ཙམ་མེད་པར་གྲོན་དངུལ་ཕྱིར་སློག་སྐྱིན་ཚབ་འཇལ་བའི་འགྲོ་ལུགས་གཉེར་བ་དང་སྦྲགས། ཕར་རོ་པོས་བཤད་པ་ལྟར། རྩ་གཉིས་ཨང་རྟགས་བཤེར་ནས་མཉེན་ཆས་ཤིག་ཕབ་ལེན་བྱས། དེ་རྗེས་མཉེན་ཆས་ནང་རང་ཉིད་ཀྱི་དངུལ་ཁང་གཱ་ཡི་ཨང་གྲངས་དང་། ར་འཕྲོད་ཨང་གྲངས། དེ་བཞིན་གཏོང་སྤྲོད་ཀྱི་གསང་བའི་ཨང་རྟགས་བཅས་བྲིས། 

    དེ་ནས་ཡུད་ཙམ་སོང་རྗེས། གྲོང་མི་ཝང་ལགས་ལ་དངུལ་ཁང་གཱ་ནས་སྒོར་49000ལྷག་ཙམ་འཐེན་འཕྲི་བྱས་པའི་འཕྲིན་ཐུང་འབྱོར་བས། རང་ཉིད་མགོ་སྐོར་ཐེབས་པ་ཤེས། མིག་སྔར་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།    

    ཉེན་རྟོག་པའི་དྲན་སྐུལ།

    འདི་ནི་དངུལ་ཕྱིར་སློག་ཁ་བསླུས་ཀྱི་དཔེ་མཚོན་གྱོད་གཞི་ཞིག་རེད། ཁ་བསླུས་རྒྱག་མཁན་གྱིས་རིམས་ནད་ལ་ཁ་གཡར་ནས་ཁ་བསླུས་རྒྱག་པ་དང་། ཁ་བསླུས་རྒྱག་སྟངས་སྣ་ཚོགས་ཡོད་མོད། འོན་ཀྱང་མཐར་ཐུག་གི་དམིགས་ཡུལ་ནི་རང་ལ་དངུལ་བསྐུར་དུ་འཇུག་རྒྱུ་དེ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།