དབུ་ཤོག>གསར་འགྱུར།
  • བོད་ལྗོངས་རྒྱལ་རྩེ་རྫོང་གིས་ལས་བྱེད་པའི་སྤྱོད་ཚུལ་གྱི་ལྟ་སྐུལ་བ་200གདན་ཞུ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-03-22

    ཉེ་དུས་བོད་རང་སྐྱོང་ལྗོངས་རྒྱལ་རྩེ་རྫོང་གིས་ལས་བྱེད་པའི་སྤྱོད་ཚུལ་གྱི་ལྟ་སྐུལ་པ་གདན་ཞུའི་ཚོགས་ཆེན་འཚོགས་ཤིང་། བློ་མཐུན་200རྒྱལ་རྩེ་རྫོང་གི་ལས་བྱེད་པའི་སྤྱོད་ཚུལ་གྱི་ལྟ་སྐུལ་བར་གདན་ཞུ་ལས་བསྐོས་བྱས་པ་མ་ཟད། གདན་ཞུའི་ཡི་གེ་ཡང་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་གཞིས་རྩེ་གྲོང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། རྒྱལ་རྩེ་རྫོང་གིས་ལས་ཀའི་གཞི་རྟེན་གསར་གཏོད་དང་ཐབས་ལམ་འཚོལ་ཞིབ་བྱེད་པ་དང་། ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་ཚད་བརྒལ་སར་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་བཅས་དང་དེ་བཞིན་གཞི་རིམ་གྱི་ཏང་ཡོན་དང་། ཞིང་འབྲོག་པ་མང་ཚོགས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བཅས་ཀྱི་ཁྲོད་ནས་མི་200བདམས་ཏེ། རིམ་གྲས་གྲུབ་ཆ་ལུགས་མཐུན་དང་ཕྱོགས་བསྡུས་བྱང་ཚད་མཐོ་བའི་མི་དམངས་ལྟ་སྐུལ་དཔུང་ཁག་གཅིག་བཏོད་ཡོད། ལས་ཀའི་བཀོད་སྒྲིག་དང་འབྲེལ་ཡོད་འགན་འཁྲི་གཞིར་བཟུང་། རྒྱལ་རྩེ་རྫོང་གི་ལས་བྱེད་པའི་སྤྱོད་ཚུལ་གྱི་ལྟ་སྐུལ་བས་ལྟེ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། “འགག་རྩའི་ཉུང་ཤས”ཀྱི་སྤྱོད་ཚུལ་ལ་དམ་པོར་དམིགས་པ། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་གཙོ་གནད་དུ་བྱེད་པ། སྲིད་ཇུས་སློབ་སྦྱོང་ལ་ཤུགས་སྣོན། ལྟ་སྐུལ་བྱེད་སྟངས་ལེགས་སུ་གཏོང་བ། ལྟ་སྐུལ་གྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པར་ས་ཁོངས་ཧྲིལ་པོ་དང་། ཁྱབ་ཁོངས་ཧྲིལ་པོ། དུས་མཚམས་ཧྲིལ་པོ་བཅས་སུ་ལྟ་སྐུལ་བྱས་ཏེ། སྤུས་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་ཚད་གཞི་མཐོ་བའི་སྤྱོད་ཚུལ་ལ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།