སྨན་བཅོས་བོད་སྐྱོར་ལས་ས་མཐོར་བཅངས་པའི་བརྩེ་སེམས་མངོན།
ད་ཕན་ལོ་ཤས་རིང“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཞིང་། ཁོང་ཚོས་རང་ཉིད་ཀྱི་དགེ་མཚན་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གསོ་སྦྱོང་དང་། འཆད་ཁྲིད། ནད་དཔྱད་སོགས་བརྒྱུད་རོགས་ཁྲིད་གསུམ་གྱི་བྱེད་ཐབས་སྣ་མང་སྤྱད་ནས་གསོ་རིག་གི་སྔོན་ཐོན་འདུ་ཤེས་བརྒྱུད་བསྒྲགས་བྱས་ཏེ་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་རིག་ཚན་འཛུགས་སྐྱོང་དང་དོ་དམ་ཆུ་ཚད་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་མ་ཟད། ས་གནས་ལ་སྨན་བཅོས་དཔུང་ཁག་གསོ་སྐྱོང་བྱས་ཡོད།
འདི་ནི་པེ་ཅིང་སློབ་ཆེན་སྨན་ཁང་དང་པོའི་སྨན་པ་ཁྲེང་ཡོན་གྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་པ་དང་ལས་སྒོ་སྤེལ་རེས་བྱེད་བཞིན་པ།