དབུ་ཤོག>གསར་འགྱུར།
  • ​མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-03-21

    བོད་ཀྱི་ལོ་གསར་རིང་། མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གཙང་པོ་སྡེ་ཁུལ་གྲོང་ལྷན་དུ་དགོད་སྒྲ་ལྷང་ལྷང་དུ་གྲགས་པ་དང་། རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་རེ་རེ་དང་མཐོན་པོར་བཀལ་བའི་ལྒང་བཞུ་དམར་པོ་རེ་རེས་རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། སོག་རིགས། ཧུད་རིགས་སོགས་མི་རིགས་15འདུ་འཛོམས་ཀྱི་སྒོ་ར་ཆེན་པོ་མཛེས་པར་བརྒྱན་ཞིང་། དེ་གར་བོད་ཀྱི་ལོ་གསར་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་ཡོད། སྡེ་ཁུལ་ནང་གི་མི་རིགས་ཁག་གི་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་མི་རིགས་ཁག་གི་གླུ་གར་འཁྲབ་སྟོན་བྱས་པ་མ་ཟད། ཚང་མས《མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ》ཞེས་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ལག་གདང་སྦྲེལ་ནས་སེམས་མཐུན་སྒོར་མོ་ཞིག་བཟོས་ནས་གླུ་ལེན་གར་འཁྲབ་ཀྱིས་བོད་ཀྱི་ལོ་གསར་དགའ་གཏོང་བྱས་པ་རེད།

    གཙང་པོ་སྡེ་ཁུལ་གྲོང་ལྷན་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པ་དེ་ནི་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། 2017ལོ་ནས་བཟུང་། ཆེད་བསྐོས་ལས་བྱེད་པ་སྐོང་འཐེན་བྱས་ནས་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ་དཔེ་སྟོན་འཛུགས་གཏོད་ཀྱི་ལས་དོན་སྤེལ་བ་དང་། ལོ་གསུམ་བསྟུད་མར་ལོ་རེར་སྒོར་ཁྲི་500བཀོད་སྒྲིག་བྱས་པ་དང་2020ལོ་དང་2021ལོར་ལོ་རེར་སྒོར་ཁྲི་1000བཀོད་སྒྲིག་བྱས་ནས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི“དགུ་སྤེལ”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་དོ་དམ་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། 2021ལོའི་ཟླ་1ཚེས་19ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མངའ་རིས་ས་ཁུལ་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”ཞེས་པའི་མིང་བཏགས་པ་རེད།

    2017ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལས་ཁུངས་དང་། ཁེ་ལས། གྲོང་ལྷན། གྲོང་རྡལ། སློབ་གྲྭ དམག་སྒར། དགོན་སྡེ། མཛེས་ལྗོངས་ཁུལ། ཁྱིམ་ཚང་བཅས་སུ་སྤེལ་བའི“དགུ་སྤེལ”བྱེད་སྒོར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྐུལ་འདེད་བཏང་བས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཁྱབ་ཚད་100%ཟིན་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། དེ་དང་ཆབས་ཅིག སློབ་གསོའི་རྟེན་གཞི་དང་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། མིག་སྔར་ས་ཁུལ་དེ་ཡོངས་སུ་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པ་7དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པ་1 ས་ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཚན་པ་54བཅས་ཡོད་པ་རེད།

    གཞན་ཡང་མངའ་རིས་ས་ཁུལ་གྱིས་ད་དུང་བསྒར་རྒྱན་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པའི《སྔོན་ཐོན“གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོའི་ལས་དོན་གྱི་གཙོ་གནད》བཀྲམ་སྟེ་ཡུལ་བབ་དང་བསྟུན་ནས་མི་རིགས་མང་པོ་མཉམ་སྡོད་ཀྱི་སྡེ་ཁུལ་འཆར་འགོད་འཛུགས་སྐྲུན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་དང་། ཕན་ཚུན་ལྟ་སྐྱོང་། ཕན་ཚུན་སློབ་སྦྱོང་། ཐུན་མོང་འཕེལ་རྒྱས་བཅས་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་ལས་གཏོད་བྱེད་པར་ལྕག་སྐུལ་བྱེད་པ། ཆ་རྐྱེན་ཡོད་པའི་ཁེ་ལས་ཀྱིས་མི་རིགས་ཁག་གི་ལས་བཟོ་བསྡུ་རྒྱུར་ལྕག་སྐུལ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་རོལ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་མངའ་རིས་ས་ཁུལ་དང་དེ་བཞིན་རྫོང་ཁག་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ལོ་ལྟར་བོད་ཀྱི་ལོ་གསར་སོགས་དུས་ཆེན་རིང“གཅིག་སེམས་གཅིག་སྦྲེལ་དང་ལག་གདང་སྦྲེལ་ནས་སྲོལ་རྒྱུན་དུས་ཆེན་ལ་རྟེན་འབྲེལ་ཞུ”ཞེས་པའི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་དང་མཉམ་དུ་རྒྱལ་གླུ་གཏོང་བ་དང་། ཆ་སྒྲིག་གྲོགས་པོ་སྒྲིག་པ། མི་རིགས་ཀྱི་ཞབས་བྲོ་མཉམ་དུ་སྦྱོང་བ་སོགས་ཀྱི་བྱེད་སྒོ་སྤེལ་བས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

    2017ལོ་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་60དང་སྔོན་ཐོན་མི་སྒེར་80ལ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་གཟེངས་བསྟོད་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་33དང་སྔོན་ཐོན་མི་སྒེར་45ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་ཐོབ་པ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་3དང་སྔོན་ཐོན་མི་སྒེར་3ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།