ལྷ་ས་གྲོང་ཁྱེར་གྱི་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་དང་གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། ཟླ་3པ་ནས་བཟུང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སོགས་སྡེ་ཚན་དང་མཉམ་དུ་ཁྲིམས་འགལ་གྱི་སྐྱེལ་འདྲེན་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཁྲིམས་འགལ་གྱི་སྐྱེལ་འདྲེན་རླངས་འཁོར་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།
ཁྲིམས་འཛིན་མི་སྣས་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་ཞིབ་བཤེར་བྱེད་བཞིན་པ།
ཟླ་3ཚེས་20ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ཞིབ་བཤེར་ཐུབ་པའི་ནག་འཁོར(黑车)ཁྲིམས་ལྟར་བཀག་ཉར་བྱ་རྒྱུ་དང་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་མཁན་ཁ་ལོ་བར་སྒོར་ཁྲི་3ཡན་གྱི་དངུལ་ཆད་གཅོད་རྒྱུ་དང་། གལ་ཏེ་ནག་ཉེས་བསགས་པའི་ཚད་ལ་སླེབས་ཡོད་ཚེ། ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་རྒྱུ་ཡིན་པ་རེད།
ཁྲིམས་འཛིན་མི་སྣས་ཁ་ལོ་བར་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།
ཟླ་3ཚེས་18ཉིན་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁྲིམས་འཛིན་དང་། སྤྱི་བདེ། འགྲིམ་འགྲུལ་ཉེན་རྟོག་བཅས་ཀྱིས་མཉམ་དུ་བཅིངས་འགྲོལ་ནུབ་ལམ་དང་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཐོན་སྒོ་སོགས་སུ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་ནས་ནག་འཁོར་གྱི་གནོད་འཚེ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། རྒྱ་ཆེའི་གྲོང་མི་ཚོས་ནག་འཁོར་ལ་རྡུང་རྡེག་གཏོང་བའི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་ཐུབ་པ་བྱས་ཡོད། གལ་ཏེ་གྲོང་མིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ནག་འཁོར་ཤེས་རྟོགས་ཐུབ་ཚེ་ཁ་པར་ཨང་གྲངས་96123བརྒྱབ་ནས་ཐེར་འདོན་བྱེད་ཆོག་གི་ཡོད་པ་རེད།