དབུ་ཤོག
  • ཐ་མག་འདི་རིགས་བཅོས་སྒྲིག་ནན་པོ་བྱེད་མཁན་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-15

    གསར་འགོད་པར་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར《གློག་རྡུལ་ཐ་མག་དོ་དམ་བྱ་ཐབས》བཀྲམ་པ་མ་ཟད། ཟླ་5ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་རྒྱུ་རེད་འདུག

    《གློག་རྡུལ་ཐ་མག་དོ་དམ་བྱ་ཐབས》ཀྱི་ནང་དོན་གཙོ་བོ་ནི།

    དང་པོ། གློག་རྡུལ་ཐ་མག་གི་མཚན་ཉིད་དང་ལྟ་འདོམས་བྱ་ཡུལ་གསལ་པོ་བཟོ་རྒྱུ།

    གཉིས་པ། གློག་རྡུལ་ཐ་མག་ཐོན་སྐྱེད་དང་། སྡེབ་ཚོང་། སིལ་ཚོང་བཅས་བྱེད་མཁན་ལ་ཆོག་འཐུས་ལག་ཁྱེར་སྤྲད་ནས་དོ་དམ་བྱ་རྒྱུ་དང་། གློག་རྡུལ་ཐ་མག་གི་ཆོག་འཐུས་ལག་ཁྱེར་གྱི་དོ་དམ་ལ་སྲིད་འཛིན་ཆོག་འཐུས་ཀྱི་དོན་ཚན་གསར་པ་བཟོ་རྒྱུ་མིན་ཞིང་། རྡོ་ཐ་ཆེད་ཚོང་གི་ཐོན་སྐྱེད་དང་། སྡེབ་ཚོང་། སིལ་ཚོང་བཅས་ཀྱི་ཆོག་འཐུས་ལག་ཁྱེར་གྱི་ཆོག་འཐུས་ཁྱབ་ཁོངས་ཁོ་ནར་དེ་མཚུངས་ཀྱི་དོན་ཚན་གསར་པ་བསྣན་རྒྱུ། 

    གསུམ་པ། གློག་རྡུལ་ཐ་མག་ཚོང་ལམ་ལ་དོ་དམ་བྱ་རྒྱུ་ཡིན་ཞིང་། གློག་རྡུལ་ཐ་མག་ཉོ་ཚོང་གི་དོ་དམ་ལས་སྟེགས་བཙུགས་ཏེ། གློག་རྡུལ་ཐ་མག་ཚོང་སྟངས་ཚད་ལྡན་དུ་གཏོང་རྒྱུ།

    བཞི་པ། གློག་རྡུལ་ཐ་མག་ཐོན་རྫས་ཀྱི་སྤུས་ཚད་ལ་ཁྱོན་ཡོངས་ནས་དོ་དམ་བྱ་རྒྱུ་ཡིན་ཞིང་། གློག་རྡུལ་ཐ་མག་ཐོན་རྫས་ཀྱི་ལག་རྩལ་ལ་ཞིབ་དཔྱད་དང་རྗེས་སྙེག་ཁུངས་འདེད་ཀྱི་ལམ་སྲོལ་འཛུགས་རྒྱུ།

    ལྔ་པ། གློག་རྡུལ་ཐ་མག་དབོར་འདྲེན་དང་ཕྱིར་གཏོང་ནང་འདྲེན་ལ་ཁྲིམས་ལྟར་ལྟ་འདོམས་བྱ་རྒྱུ།

    དེ་མིན། 《གློག་རྡུལ་ཐ་མག་དོ་དམ་བྱ་ཐབས》ནང་ད་དུང་སློབ་གྲྭ་འབྲིང་ཆུང་དཀྱུས་མ་དང་། དམིགས་བསལ་སློབ་གསོའི་སློབ་གྲྭ འབྲིང་རིམ་ལས་རིགས་སློབ་གྲྭ ཆེད་ལས་སློབ་གྲྭ བུ་བཅོལ་ཁང་བཅས་ཀྱི་ཉེ་འཁོར་དུ་གློག་རྡུལ་ཐ་མག་ཐོན་རྫས་ཚོང་ས་འཛུགས་མི་ཆོག་ལ། གློག་རྡུལ་ཐ་མག་ཐོན་རྫས་ཀྱི་འགྲེམས་ཚོགས་དང་། གླེང་སྟེགས། དངོས་མང་སྟོན་ཚོགས་སོགས་ཁྱབ་སྤེལ་ངོ་སྤྲོད་ཀྱི་ཚོང་འདུས་སྣ་ཚོགས་གཉེར་མི་ཆོག

    ནར་སོ་དར་ལ་མ་བབས་པའི་མིར་གློག་རྡུལ་ཐ་མག་གི་ཐོན་རྫས་ཚོང་མི་ཆོག་པ་དང་། རང་འགུལ་ཟོག་ཚོང་འཕྲུལ་ཆས་སོགས་ནས་གློག་རྡུལ་ཐ་མག་གི་ཐོན་རྫས་ཚོང་བ་དང་བརྒྱུད་ཚོང་བྱེད་མི་ཆོག

    རྡོ་ཐའི་བྲོ་བ་ཕུད། བྲོ་བ་གཞན་སྦྱོར་རྟ་བྱས་པའི་གློག་རྡུལ་ཐ་མག་ཚོང་མི་ཆོག 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།