དབུ་ཤོག
  • ལྷ་སའི་གནས་སྡོད་ལག་ཁྱེར་ཡོད་ན། ཐད་ཀར་སྨན་བཅོས་འགན་བཅོལ་ལ་ཞུཌ་ཆོག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-11

    གཏམ་བཟང་ཡོད་དང་། གཏམ་བཟང་ཡོད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གནས་སྡོད་ལག་ཁྱེར་ཡོད་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ནང་བཅུག་འདུག

    གསར་འགོད་པས་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། ལྷ་ས་གྲོང་ཁྱེར་གྱི་གནས་སྡོད་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་ཡོད་མཁན་ཚོས། གཏན་འབེབས་བྱས་པའི་དུས་ཚོད་ནང་ཁོངས་གཏོགས་ཁུལ་གྱི་སྨན་བཅོས་འགན་བཅོལ་གཉེར་མཁན་སྒྲིག་གཞིར་བསྐྱོད་དེ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་ཆོག་པ་མ་ཟད། ད་དུང་ཡིན་གཅིག་ཁོངས་གཏོགས་ཁུལ་གྱི་ཁྲལ་དོན་སྡེ་ཚན་དུ་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྐྱེལ་བར་འགྲོ་དགོས།

    གནས་སྡོད་ལག་ཁྱེར་ཡོད་མཁན་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པར་ཐོབ་ཐང་ལ་མི་འདྲ་བའི་ཆ་གང་ཡོད་དམ།

    ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཐོབ་ཐང་འགན་སྲུང་ཁོའོ་ཡི་འབྲེལ་ཡོད་འགན་འཁུར་བས། ལྷ་ས་གྲོང་ཁྱེར་གྱི་གནས་སྡོད་ལག་ཁྱེར་ཁྱེར་ནས་ས་གནས་དེ་གའི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ས་གནས་དེ་གའི་འགན་བཅོལ་ནང་ཞུགས་མཁན་གྱི་གྲོང་མིའི་ཚད་གཞི་ལྟར་ཁ་གསབ་སྤྲོད་པ་དང་། སྨན་རིན་རྩིས་ཞུའི་ཐད་ས་གནས་དེ་གའི་འགན་བཅོལ་ནང་ཞུགས་མཁན་དང་གཅིག་མཚུངས་རེད།

    དྲན་སྐུལ།

    ད་ཕན་ལོ་ཤས་རིང་ལས་ཀ་བྱ་ཡུལ་དང་། སློབ་གྲྭར་སྐྱོད་ཡུལ། སྐྱེས་ཡུལ་བཅས་སུ་འགན་བཅོལ་ནང་ཡང་ཡང་ཞུགས་པའི་སྣང་ཚུལ་ཐོན་གྱི་ཡོད། འགན་འཁུར་བ་དེས་རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ཚོས་ས་ཆ་མི་འདྲ་ནས་འགན་བཅོལ་ནང་ཐེངས་མང་ཞུགས་ན། སྨན་བཅོས་འགན་བཅོལ་ནས་སྨན་རིན་རྩིས་ཞུ་བྱེད་པར་སྐྱོན་རྒྱག་རྒྱུ་རེད་ཅེས་བརྗོད་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།