དབུ་ཤོག>གསར་འགྱུར།
  • བདེ་འཇགས་དྲ་བ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-11

    1777360_yis_1646928000000_s.jpg

    ཉེ་དུས་ཀྱི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་མདུན་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཁག་གི་ཁྲོམ་གཞུང་དོན་གཅོད་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཞབས་ཞུའི་ལས་དོན་ལ་གནད་སྨིན་ཅན་དང་། ཞིབ་ཚགས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་སྒོ་ནས་དམ་འཛིན་ཡག་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་དྲ་བ་ཚགས་དམ་དུ་གཏོང་བ་བཅས་བྱས་ནས“རིམས་ནད་མེད་པའི་སྡེ་ཁུལ”འཛུགས་གཏོད་བྱ་ཆེད་སྟོབས་ཤུགས་ཡོད་ཚད་སྐྱེས་སུ་ཕུལ་ཡོད། འདི་ནི་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གྲྭ་བཞི་གྲོང་གསར་གྲོང་མི་ཨུ་ཡོན་ལྷན་ཁང་གི་དང་བླངས་པས་ཁོངས་གཏོགས་ཁུལ་གྱི་བོད་དུ་ལོག་མཁན་གྱི་ཆ་འཕྲིན་ཐོ་འགོད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།