ལུས་ཟུངས་བདེ་པོ་ཞིག་དགོས་འདོད་ན། ཟས་དང་གཉིད་གཉིས་པོ་ནི་གལ་ཆེའི་ནང་གི་འགངས་ཆེ་རེད། དེར་བརྟེན། གཉིད་སྐྱིད་པོ་ཞིག་ཁུག་ཐུབ་པ་བྱེད་དགོས་ན་གཤམ་གྱི་ཆ་རྐྱེན་འདི་དག་ཚང་དགོས་འདུག
1.ཉལ་སའི་ཁོར་ཡུག་གཙང་མ་ཞིག་དང་ཁ་ཁུ་སིམ་པོ་ཞིག་དགོས།
2.ལུས་སེམས་གཉིས་ཀ་ལྷོད་ལ་ཕབ་ན་གཉིད་སྐྱིད་པོ་ཞིག་ཁུག་ཐུབ།
3.ཉལ་ཁར་སྐྲ་ཤད་པ་དང་། སོ་བཀྲུ་བ། རྐང་པ་བཀྲུ་བ་སོགས་ཀྱི་གོམས་གཤིས་འཇགས་པར་བྱེད་དགོས།
4.གཞོགས་གཡས་ལ་ཁ་གཏད་ནས་གཉིད་ཉལ་དགོས།
5.ཉལ་ཁར་སྒྲུང་ཐུང་སོགས་བཀླགས་ན་གཉིད་སྐྱིད་པོ་ཞིག་ཁུག་པར་ཕན་ཐོགས་ཡོད།