པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནི་འཛམ་གླིང་གི་དབང་སྐྱོན་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད་ལ། མཐུན་སྒྲིལ་དང་མཛའ་གྲོགས་ཀྱི་འདུ་འཛོམས་གཟབ་རྒྱས་ཤིག་ཀྱང་རེད། འགྲན་བསྡུར་བྱས་ཚུན། དབང་པོ་སྐྱོན་ཅན་ལུས་རྩལ་པས་རྩལ་འགྲན་སྤེལ་རེས་དང་སེམས་རྩ་འཁོལ་བའི་མཉམ་འགུལ་ཁྲོད་མཛའ་གྲོགས་དང་མཐུན་སྒྲིལ་ཟབ་ཏུ་ཕྱིན་ནས་མི་སེམས་འགུལ་བའི་བྱ་བ་ཆུང་ཙག་རེ་རེ་ལས་མི་རྣམས་ཀྱི་སེམས་ལ་དྲོ་སྐྱིད་སྟེར་བཞིན་ཡོད།
དབྱང་ཧུང་ཆུང་།

ཟླ་3ཚེས་6ཉིན། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རི་ཀླུང་གངས་ཤུད་ཀྱི་བུད་མེད་ཀྱི་བར་ཐག་རིང་བའི(སྡོད་སྟངས)བྱ་དགའི་རྟགས་མ་སྤྲོད་པའི་མཛད་སྒོ་ཀྲང་ཅ་ཁོའུ་འགྲན་ཁུལ་གྱི་བྱ་དགའ་སྤྲོད་པའི་ཐང་ཆེན་དུ་གཉེར་ཞིང་། འདི་ནི་ཟླ་3ཚེས་6ཉིན། བྱ་དགའི་རྟགས་མ་སྤྲོད་པའི་མཛད་སྒོའི་ཐོག་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་དབྱང་ཧུང་ཆུང་ཡིན་པ།
ཀུའོ་ཡུས་ཅེ།

ཟླ་3ཚེས་6ཉིན། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དགུན་རྩེད་རྣམ་གྲངས་གཉིས་ཀྱི་བུད་མེད་ཀྱི་བར་ཐག་ཐུང་བའི(ལངས་སྟངས)བྱ་དགའི་རྟགས་མ་སྤྲོད་པའི་མཛད་སྒོ་ཀྲང་ཅ་ཁོའུ་འགྲན་ཁུལ་གྱི་བྱ་དགའ་སྤྲོད་པའི་ཐང་ཆེན་དུ་གཉེར་ཞིང་། འདི་ནི་ཟླ་3ཚེས་6ཉིན། བྱ་དགའི་རྟགས་མ་སྤྲོད་པའི་མཛད་སྒོའི་ཐོག་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཀུའོ་ཡུས་ཅེ་ཡིན་པ།
ལིའུ་ཙི་ཞུས།

ཟླ་3ཚེས་6ཉིན། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་དགུན་རྩེད་རྣམ་གྲངས་གཉིས་ཀྱི་སྐྱེས་པའི་བར་ཐག་ཐུང་བའི(སྡོད་སྟངས)བྱ་དགའི་རྟགས་མ་སྤྲོད་པའི་མཛད་སྒོ་ཀྲང་ཅ་ཁོའུ་འགྲན་ཁུལ་གྱི་བྱ་དགའ་སྤྲོད་པའི་ཐང་ཆེན་དུ་གཉེར་ཞིང་། འདི་ནི་ཟླ་3ཚེས་6ཉིན། བྱ་དགའི་རྟགས་མ་སྤྲོད་པའི་མཛད་སྒོའི་ཐོག་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ལིའུ་ཙི་ཞུས་ཡིན་པ།
ཀྲང་མོང་ཆིའུ།

ཟླ་3ཚེས་6ཉིན། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རི་མཐོའི་གངས་ཤུད་ཀྱི་བུད་མེད་ཀྱི་རིམ་འདས་གུག་གཅུས་ཆེན་པོའི(ལངས་སྟངས)འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་ཡན་ཆིང་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་སྤྲོད་པའི་ཐང་ཆེན་དུ་གཉེར་ཞིང་། འདི་ནི་ཟླ་3ཚེས་6ཉིན། བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཀྲང་མོང་ཆིའུ་ཡིན་པ།
ཀྲེང་ཕེང་།

ཟླ་3ཚེས་6ཉིན། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རི་ཀླུང་གངས་ཤུད་ཀྱི་སྐྱེས་པའི་བར་ཐག་རིང་བའི(སྡོད་སྟངས)འགྲན་བསྡུར་རྒྱལ་ཁབ་ཀྱི་དགུན་རྩེད་རྣམ་གྲངས་གཉིས་ཀྱི་ལྟེ་གནས་སུ་གཉེར་བ་རེད། ཀྲུང་གོའི་བདམས་ཐོན་པ་ཀྲེང་ཕེང་ལ་གསེར་གྱི་རྟགས་མ་ཐོབ་པ་དང་། མའོ་ཀྲུང་ཝུའུ་ལ་དངུལ་གྱི་རྟགས་མ་ཐོབ་པ། ཏུའུ་ཐན་ལ་ཨང་བཞི་པ་ཐོབ་ཅིང་། འདི་ནི་ཟླ་3ཚེས་6ཉིན། ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཀྲེང་ཕེང་གིས་འགྲན་བསྡུར་ཚར་རྗེས་རྟེན་འབྲེལ་ཞུ་བཞིན་པ།
ལེང་ཅིང་དབྱི།

ཟླ་3ཚེས་6ཉིན། 2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རི་མཐོའི་གངས་ཤུད་ཀྱི་སྐྱེས་པའི་རིམ་འདས་གུག་གཅུས་ཆེན་པོའི(ལངས་སྟངས)རྣམ་གྲངས་འགྲན་བསྡུར་ཡན་ཆིང་རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་སུ་གཉེར་བ་རེད། ཀྲུང་གོའི་བདམས་ཐོན་པ་ལེང་ཅིང་དབྱི་ལ་གསེར་གྱི་རྟགས་མ་ཐོབ་ཅིང་། འདི་ནི་ཟླ་3ཚེས་6ཉིན། ཀྲུང་གོའི་བདམས་ཐོན་པ་ལེང་ཅིང་དབྱི་ཡིས་འགྲན་བསྡུར་བྱེད་བཞིན་པ།