དབུ་ཤོག
  • རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-09

    ལོ་ལྟར་གྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ཟླ་3པར་འཚོག་དོན་གང་ཡིན་ནམ།

    ● རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཟླ་3པར་འཚོག་པའི་རྒྱུན་སྲོལ་1985ལོ་ནས་འགོ་ཚུགས་པ་རེད།

    ● ནོར་སྲིད་ཀྱི་ལོ་འཁོར་ལ་ཡང་རང་བྱུང་ལོ་འཁོར་ལྟར་རྩིས་རྒྱག་གི་ཡོད་པས། ཟླ་3པར་འཚོགས་ན་བསྡོམས་རྩིས་དང་ཕྱོགས་སྡོམ་ལ་དུས་ཚོད་འདང་ངེས་ཡོད་པས་རེད།

    ● ལུགས་རྙིང་གི་དཔྱིད་གསར་དུས་ཆེན་སྤྱིར་བཏང་བྱས་ན་ཟླ་1པོ་ནས་ཟླ་2པའི་བར་འཁེལ་གྱི་ཡོད་པ་དང་། ཟླ་3པར་བདམས་པ་ནི་དཔྱིད་གསར་དུས་ཆེན་དང་མ་འཁེལ་བའི་ཆེད་དུ་རེད།

    དམིགས་བསལ། ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་འོག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་ཆེད། 2020ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཟླ་5པའི་བར་ནར་འགྱངས་བྱས་པ་རེད།

    སྲིད་གྲོས་ཀྱི་ཚོགས་འདུ་མི་དམངས་འཐུས་ཚོགས་ཀྱི་སྔོན་ལ་འཚོག་དོན་གང་ཡིན་ནམ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུར་ཟུར་ཞུགས་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་སོགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་ཡིག་ཆའི་གྲོས་བསྡུར་ལ་ཞུགས་པར་སྟབས་བདེ་ཡོང་ཆེད་རེད།

    གོམས་སྲོལ་ལྟར་ན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུའི་གྲོས་རིམ་གཤམ་གསལ་ཏེ།

    ● འགོ་ཚུགས་ཚོགས་འདུར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལས་དོན་སྙན་སྒྲོན་དང་ལོ་གཅིག་རིང་གི་གྲོས་གཞིའི་ལས་དོན་བསྒྲུབས་པའི་གནས་ཚུལ་སྐོར་གྱི་སྙན་སྒྲོན་ཞུ་བ་དང་།

    ● རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཕྱེ་ནས་ཚོགས་ཆུང་ཁག་བགོས་ཀྱིས་སྙན་སྒྲོན་གཉིས་ལ་གྲོས་ཞིབ་བྱེད་པ།

    ● དེ་རྗེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་འགོ་ཚུགས་ཚོགས་འདུར་ཟུར་ཞུགས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་དགོས་པ།

    “འཐུས་མི”དང“ཨུ་ཡོན”གཉིས་ལ་ཁྱད་པར་གང་ཡོད་དམ།

    ● མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་མཁན་ནི“འཐུས་མི”ཡིན་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱས་ནས་ཐོན་གྱི་ཡོད།

    ● སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་ནི“ཨུ་ཡོན”ཡིན་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་ནི་གྲོས་མོལ་དང་འོས་སྦྱོར་བྱས་ནས་ཐོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།