
ཚེས་3ཉིན། སར་པི་ཡའི་ཙུང་ལི་པུར་ན་པི་ཆིས་སར་པི་ཡའི་ཀྲུང་གོའི་མ་འཇོག་ཁེ་ལས་ཚོང་ཚོགས་བཙུགས་པའི་ཚོགས་ཆེན་ལ་ཞུགས་སྐབས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་སར་པི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་སར་པི་ཡར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། སར་པི་ཡའི་ཀྲུང་གོའི་མ་འཇོག་ཁེ་ལས་ཚོང་ཚོགས་བཙུགས་པའི་ཚོགས་ཆེན་དང་སྒོ་བྱང་འགེལ་བའི་མཛད་སྒོ་ཉིན་དེར་པེར་ཀེ་རེ་ཏེ་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཚོགས་པ་རེད། ཚོང་ཚོགས་ཀྱི་ལས་འཛིན་ཚན་པས་དུས་མཚུངས་སུ་པེར་ཀེ་རེ་ཏེ་ཀྲུང་གོའི་རིག་གནས་ལྟེ་གནས་སུ“ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”བཅས་ཀྱི་འགྲེམས་སྟོན་བྱས་པ་རེད། འདི་ནི་ཟླ་3ཚེས་3ཉིན། སར་པི་ཡའི་ཙུང་ལི་པུར་ན་པི་ཆི(མདུན)པེར་ཀེ་རེ་ཏེར་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་གཉེར་བའི“ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”བཅས་ཀྱི་འགྲེམས་སྟོན་ལ་ཞུགས་བཞིན་པ།