དབུ་ཤོག
  • སྨན་ཁང་འདི་གཉིས་ཀྱིས་ལོ་གསར་རིང་ལས་ཀ་བཀོད་སྒྲིག་འདི་ལྟར་བྱས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-02-28

    བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བོད་ཀྱི་ལོ་གསར་རིང་གི་ལས་ཀའི་བཀོད་སྒྲིག

    微信图片_20220228162553.png

    བོད་ཀྱི་ལོ་གསར་རིང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་ཁང་གི་ལས་ཀའི་བཀོད་སྒྲིག

    སྒོ་བསྟེན་སྨན་ཁང་། ཟླ་2ཚེས་26ཉིན(གཟའ་སྤེན་པ)གྱི་སྔ་དྲོ་སྒོ་བསྟེན་སྨན་ཁང་སྒོ་ཕྱེ་རྒྱུ། ཟླ་3ཚེས་12ཉིན(གཟའ་སྤེན་པ)སྒོ་བསྟེན་སྨན་ཁང་སྒོ་རྒྱག་རྒྱུ། ཟླ་3ཚེས་13ཉིན(གཟའ་ཉི་མ)ཉིན་གང་སྒོ་བསྟེན་སྨན་ཁང་སྒོ་ཕྱེ་རྒྱུ། ཟླ་3ཚེས་2ནས་8ཉིན་བར་ཉིན་7རིང་ངལ་གསོ་འཇོག་རྒྱུ། དེའི་ནང་ཟླ་3ཚེས་4དང་། ཚེས་6 ཚེས་8བཅས་ཀྱི་སྔ་དྲོ་སྒོ་བསྟེན་སྨན་ཁང་གི་ཆེད་བཅོས་ཚན་ཁག་ཁག་སྒོ་བསྟེན་སྨན་ཁང་གཅིག་བཀོད་སྒྲིག་བྱ་རྒྱུ།

    བདེ་ཐང་དོ་དམ་ལྟེ་གནས་དང་རིམས་འགོག་སྨན་ཁབ་རྒྱག་ས་དེ་སྒོ་བསྟེན་སྨན་ཁང་དང་མཉམ་དུ་བཀོད་སྒྲིག་བྱ་རྒྱུ།

    དོད་དྲག་ཚན་ཁག(120)དང་ཉིང་སྐྱུར་བརྟག་དཔྱད་བྱེད་མཁན་ཉིན་མཚན་མེད་པར་ལས་ཀ་བྱ་རྒྱུ(ཉིང་སྐྱུར་མ་དཔེ་ལེན་ས། ཞོགས་པའི་ཆུ་ཚོད་9:00—ཐོ་རེངས་ཆུ་ཚོད་2:00ཉིང་སྐྱུར་མ་དཔེ་ལེན་སར་བཀོད་སྒྲིག་བྱ་རྒྱུ་དང་། ཐོ་རེངས་ཆུ་ཚོད་2:00—ཞོགས་པའི་ཆུ་ཚོད་9:00དོད་དྲག་ཚན་ཁག་ཏུ་བཀོད་སྒྲིག་བྱ་རྒྱུ)

    ཟླ་3ཚེས་9ཉིན་ནས་བཟུང་རྒྱུན་གཏན་ལྟར་ལས་ཀ་ཡིན་པས་སྨན་པ་བསྟེན་པའི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བོད་ཀྱི་ལོ་གསར་རིང་གི་ལས་ཀའི་བཀོད་སྒྲིག

    རྒྱ་ཆེའི་གྲོང་མི་ལྷན་རྒྱས།

    《2022ལོའི་བོད་ཀྱི་ལོ་གསར་གྱི་ངལ་གསོའི་བཀོད་སྒྲིག་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་བརྡ་ཐོའི》འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། 2022ལོའི་ཟླ་3ཚེས་2ནས་ཟླ་3ཚེས་8ཉིན་བར་ལོ་གསར་གྱི་ངལ་གསོ་འཇོག་རྒྱུ་ཡིན་པས། དུས་ཆེན་རིང་ངེད་སྨན་ཁང་གི་སྒོ་བསྟེན་དང་དོད་དྲག་ཚན་ཁག་གི་ལས་ཀའི་བཀོད་སྒྲིག་གཤམ་གསལ།

    微信图片_20220228162813.png

    2022ལོའི་ཟླ་3ཚེས་4དང་7ཉིན་སྒོ་བསྟེན་སྨན་ཁང་རྒྱུན་གཏན་ལྟར་སྒོ་ཕྱེ་རྒྱུ་དང་། ལས་ཀའི་དུས་ཚོད། 09:00—13:00བར་དང་15:30—18:00བར་རེད།

    དོད་དྲག་ཚན་ཁག 2022ལོའི་ཟླ་3ཚེས་2ནས་8ཉིན་བར། ཆུ་ཚོད་24སྒོ་ཕྱེ་རྒྱུ།

    ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པེ་ཅིང་དཀྱིལ་ལམ་སྒོ་རྟགས་དང་པོ།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང(གྲོང་ཤར་ཡན་ལག་སྨན་ཁང)

    སྒོ་བསྟེན་སྨན་ཁང་སྒོ་ཕྱེ་བའི་དུས་ཚོད་དེ་སྨན་ཁང་ལས་འགོ་ཚུགས་པའི་དུས་ཚོད་དང་གཅིག་མཚུངས་ཡིན། རིམས་འགོག་སྨན་ཁབ་རྒྱག་ས། 2022ལོའི་ཟླ་3ཚེས་4དང་7ཉིན་རྒྱུན་གཏན་ལྟར་སྒོ་ཕྱེ་རྒྱུ་དང་། 

    ལས་ཀའི་དུས་ཚོད། 09:30—13:00བར་དང་15:30—18:00བར་རེད།

    ཉིང་སྐྱུར་བརྟག་དཔྱད་བྱ་ཡུལ། 2022ལོའི་ཟླ་3ཚེས་2ནས་8ཉིན་བར་རྒྱུན་གཏན་ལྟར་སྒོ་ཕྱེ་རྒྱུ་དང་། 

    ལས་ཀའི་དུས་ཚོད། 09:30—12:30བར་དང་15:30—17:30བར་རེད།

    ས་གནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཧྲུའུ་ཧྲན་ལམ་སྒོ་རྟགས་7པ(སྨན་ཁང་གི་ཤར་སྒོ)

    རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། རྒྱ་ཆེའི་གྲོང་མི་ཚོའི་བདེ་འཇགས་འགན་ལེན་བྱ་ཆེད། ཁྱེད་རྣམ་པས་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཕྱི་བཅོས་ཚན་ཁག་གི་ཆེད་སྤྱོད་ཁ་རས་རྒྱག་པ་དང་ནད་གཡོག་ཉུང་དུ་བཏང་སྟེ། སྨན་པས་སྨན་བཅོས་ཁང་རེ་རེའི་ནང་ནད་པ་གཅིག་ལས་མི་འགལ་བའི་སྨན་བཅོས་བྱེད་དགོས།

    རྒྱ་ཆེའི་གྲོང་མི་རྣམས་བོད་ཀྱི་ལོ་གསར་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་།

    2022ལོའི་ཟླ་2ཚེས་24ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།