དབུ་ཤོག>གསར་འགྱུར།
  • པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བ་ལས་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་བའི་ཡིད་ཆེས་འཕེལ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-02-25

    པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་བ་དང་བསྟུན་ནས་པེ་ཅིང་དང་། ཡན་ཆིང་། ཀྲང་ཅ་ཁོའུ་བཅས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲོང་ཚོ་གསུམ་དུ་ཡུལ་ལྗོངས་བརྗེ་བ་དང་ཐོགས་མེད་སྒྲིག་བཀོད་ལེགས་སྒྲིག་བྱས་ནས་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད། རྒྱལ་སྤྱིའི་དབང་སྐྱོན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཨན་ཏེ་ལུའུ·ཕ་སེན་སིས་བརྙན་ལམ་བརྒྱུད་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་གྲུབ་ལྡན་པའི་ངང་གཉེར་བར་ཁས་ལེན་དང་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་རེ་སྒུག་བྱེད་ལུཌ་མཚོན་པར་བྱས་པ་རེད།

    ཕ་སེན་སིས“ཀྲུང་གོས་འཛམ་གླིང་ལ་ཧང་སངས་དགོས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཤིག་མིག་ལམ་དུ་བཤམས་ཡོད”གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་རྒྱབ་ལྗོངས་འོག་འགྲན་བསྡུར་གཟབ་རྒྱས་དེ་འདྲ་གཉེར་བར་འགྲན་སློང་ཆེན་པོ་ཡོད་མོད། འོན་ཀྱང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་ཀྲུང་གོས་རིམས་ནད་སྔོན་འགོག་བྱེད་པའི་བྱ་ཐབས་ཧ་ཅང་ལེགས་གྲུབ་ལྡན་པ་ཞིག་སྤྱད་པས་དེ་ལས་གཉེར་གྲབས་ཡོད་པའི་2022ལོའི་པེ་ཅིང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གཉེར་བའི་ངའི་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།