དབུ་ཤོག>གསར་འགྱུར།
  • ངོ་མཚར་གྱི་གངས་ལྗོངས་མཁའ་ལམ། མཛེས་སྡུག་གི་འཚོ་བར་ཁ་ཕྱོགས།

  • ཡོང་ཁུངས།  བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།   |     སྤེལ་དུས།  2022-02-24

    ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་སྐབས་སུ་འཛུགས་སྐྲུན་བྱས་ཤིང་།  ད་བར་སྔར་བཞིན་ཀྲུང་གོའི་འགྲིམ་འགྲུལ་དང་། དཔལ་འབྱོར། རྒྱལ་སྲུང་བཅས་ཀྱི་འགག་གནད་གལ་ཆེན་ཞིག་ཡིན་པས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཐོན་ཡོད།

    ཁྲོན་བོད་དང་མཚོ་བོད“མཁའ་ལམ”གཉིས་ཀྱིས་བོད་དང་ཞིང་ཆེན་ཁག་དང་གྲོང་ཁྱེར་ཁག་དབར་ཁྱོན་ཡོངས་ཀྱི་འབྲེལ་བ་ཟབ་ཏུ་བཏང་ཡོད། མཚོ་བོད་དང་ཁྲོན་བོད་ལྕགས་ལམ་བསྐྲུན་པ་བརྒྱུད་མཚོ་སྔོན་དང་སི་ཁྲོན་ཁ་ཕྱོགས་གཉིས་ནས་བོད་དུ་སྐྱོད་པའི་ལམ་བུ་ཤར་གཏོང་ཐུབ་ནས་བོད་དང་ནུབ་བྱང་ཁུལ་དང་ལྷོ་ནུབ་ཁུལ་དབར་གྱི་འབྲེལ་བའི་ཁྱབ་རྒྱ་ཆེ་རུ་ཕྱིན་ནས་བོད་དང་ཞིང་ཆེན་གཞན་དབར་འབྲེལ་བ་དམ་ཟབ་བྱེད་པའི་མ་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད། 

    ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“གསེར་ལམ”ལྟ་བུ་ཞིག་ཏུ་གྱུར་བ། ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་གཉིས་ཀྱིས་མ་ལམ་གཙོ་བོ་བྱས་པའི་བོད་ཀྱི་གཞུང་ལམ་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། དེ་དང་བསྟུན་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགྲིམ་འགྲུལ་གྱི་དྲ་བ་ཆེན་པོ་ཞིག་རིམ་བཞིན་བཏོད་དེ་བོད་ཀྱི་དངོས་ཟོག་དཀོན་པའི་གནད་དོན་ཐག་གཅོད་བྱུང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ད་ཆ་ལམ་བུ་དེ་མི་དམངས་མང་ཚོགས་ཀྱི“ཕྱུག་འགྱུར་ལམ་བུ”དང་། ས་གནས་ཁག་ཏུ་ཡུལ་སྐོར་འགྲོ་བའི“བགྲོད་ལམ་ཆེ་མོ” དཔལ་འབྱོར་སྒོ་དབྱེ་འཕེལ་རྒྱས་ཀྱི“མགྱོགས་བགྲོད་འཕྲུལ་ཆས”ལྟ་བུ་བཅས་སུ་གྱུར་ཡོད་ལ་མི་རྣམས་ཀྱི་སེམས་ནང་གི་ཕྱུག་འགྱུར“གསེར་ལམ”དང་“གསེར་ཟམ”དུའང་གྱུར་ཡོད་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། 

    ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་ནི“བསམ་པའི་འགྲོ་ལམ”ཞིག་ཀྱང་རེད། གཞུང་ལམ་དེ་གཉིས་སྐྲུན་པའི་བརྒྱུད་རིམ་ནང་ལམ་བཟོ་བ་རྣམས་ཀྱི་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་དེ་གཅིག་བསྡུས་ངང་མཚོན་པར་བྱས་ཡོད་ལ། ཁོང་ཚོའི“བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱེད་པ་དང་ལམ་རྡོ་ཞིག་བྱེད་འདོད་པའི”ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་་དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་ཡོང་བའི་རླབས་ཆེན་གྱི“ལམ་གཉིས”ཀྱི་སྙིང་སྟོབས་བཅས་མངོན་ཡོད། ་ང་ཚོས་སྙིང་སྟོབས་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་སྔར་བས་དར་སྤེལ་བཏང་སྟེ་དེའི་ཁྲོད་ནས་མེད་དུ་མི་རུང་བའི་བསམ་པའི་སྟོབས་ཤུགས་ཐོབ་པ་བྱེད་དགོས། (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཚེ་གཡང་།བསྟན་འཛིན་སྒྲོལ་མ)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།