དབུ་ཤོག
  • གཟའ་འཁོར་འདིར་ས་ཆ་འདི་དག་ལ་གངས་མ་ཆར་བསྟུད་མར་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-02-22

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2022ལོའི་ཟླ་2ཚེས་21ནས་27ཉིན་བར)

    སྔོན་དཔག་ལྟར་ན། གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་གངས་མ་ཆར་བསྟུད་མར་འབབ་རྒྱུ་རེད། གངས་མ་ཆར་འབབ་ཚད། གཞིས་རྩེའི་ལྷོ་རྒྱུད་དང་ནག་ཆུའི་ནུབ་རྒྱུད་དུ་ཅུང་ཉུང་ཙམ་དང་ས་ཁུལ་གཞན་དག་ལ་རྒྱུན་གཏན་ལྟར་རེད། ཆ་སྙོམས་དྲོད་ཚད། མངའ་རིས་དང་ཆབ་མདོར་རྒྱུན་གཏན་ལས་ཅུང་མཐོ་ཙམ་དང་དེ་མིན་གྱི་ས་ཆ་གཞན་དག་ལ་དམའ་ཙམ་ཡོད།

    གནམ་གཤིས་བསྟན་སྟངས་གཙོ་བོ།

    གཟའ་ཟླ་བ་དང་གཟའ་མིག་དམར་ལ། ཉིང་ཁྲི་དང་ཆབ་མདོའི་བྱང་རྒྱུད་དུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་དེའི་ནང་ཉིང་ཁྲིའི་ས་བབ་མཐོ་བའི་རི་ཁུལ་གྱི་ས་ཆ་འགའ་ཤས་ལ་ཁ་བ་བུ་ཡུག་འཚུབ་རྒྱུ། ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་ལྷོ་རྒྱུད་དང་ནག་ཆུའི་ཤར་རྒྱུད་དུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།     གཟའ་ལྷག་པ་ནས་པ་སངས་བར། མངའ་རིས་ཀྱི་ལྷོ་ནུབ་རྒྱུད་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ། ས་བབ་མཐོ་བའི་ས་ཆ་འགའ་ཤས་ལ་གངས་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་རིམ་བཞིན་མང་པོ་འཁོར་རྒྱུ།

    གཟའ་མཇུག་ལ། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་འགའ་ཤས་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་རིམ་བཞིན་མང་པོ་འཁོར་རྒྱུ།

    གཟའ་འཁོར་འདིའི་ནང་། བོད་བྱང་ཐང་རྒྱུད་དང་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷག་པ་ཆེ་བ་རིམ་པ་7—8བར་རྒྱག་རྒྱུ། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ཐོལ་རླུང་རིམ་པ་5ཙམ་རྒྱག་རྒྱུ། གཟའ་འཁོར་འདིའི་གོང་གི་ཉིན་ཁ་ཤས་ནང་ནུབ་བྱང་ནས་ཤར་ལྷོའི་མཚམས་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་4—6བར་ཆག་རྒྱུ་དང་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་འགའ་ཤས་ཀྱི་དྲོད་ཚད་ཆག་ཚད་ཧྲེ་ཧྲི་ཏུའུ་10ཡན་ཟིན་རྒྱུ་རེད།

    གཉིས། གྲོས་འགོ

    གཅིག གཟའ་འཁོར་འདིའི་ནང་དབུས་ཤར་རྒྱུད་དུ་གངས་བསྟུད་མར་འབབ་ནས་ཆ་སྙོམས་དྲོད་ཚད་ལོ་འཁོར་མོ་ལས་དམའ་ཙམ་ཡོད། མིག་སྔར་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་གངས་གསོག་ཐེབས་ཚད་མངོན་གསལ་དོད་པོ་ཡོད། དཔྱིད་གསར་སྐྱེལ་འདྲེན་གྱི་སྐབས་དང་འཁེལ་བས་དྲོད་ཚད་རྒྱུན་མཐུད་ངང་དམའ་རུ་ཕྱིན་པ་དང་། གངས་བབས་པ། གངས་གསོག་ཐེབས་པ་བཅས་ལས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། འབྲོག་ལས་ཐོན་སྐྱེད། མང་ཚོགས་ཀྱི་འཚོ་བ་བཅས་ལ་འཕྲད་པའི་ཤུགས་རྐྱེན་ལ་དོགས་ཟོན་ཆེར་སྐྱེད་བྱེད་དགོས།

    གཉིས། གཟའ་འཁོར་འདིའི་གོང་གི་ཉིན་ཁ་ཤས་ནང་དབུས་ཤར་རྒྱུད་དུ་དྲོད་ཚད་ཆག་རྒྱུ་ཡིན་པས་མདོང་ལམ་ལ་འཁྱགས་པ་མི་ཐེབས་པའི་བྱ་ཐབས་ཡག་པོ་སྤྱད་དེ། ནུས་རྒྱུ་མཁོ་སྤྲོད་འགན་ལེན་དང་སྒྲིག་བཀོད་ཞིང་ལས་ལ་ཤུགས་རྐྱེན་ཐེབས་པར་འགོག་ཟོན་བྱེད་དགོས།

    གསུམ། གཟའ་འཁོར་འདིའི་ནང་ལྷག་པ་ཆེན་པོ་རྒྱག་མང་བས། ལྷག་པ་ཆེན་པོ་བརྒྱབ་པ་ལས་བྱུང་བའི་ཤུགས་རྐྱེན་ལ་འགོག་ཟོན་བྱེད་དགོས་པ་མ་ཟད། རྩྭ་ཐང་དང་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།