རྒྱ་ཆེའི་གྲོང་མི་ཚོར་རྒྱུན་གཏན་གྱི་འཚོ་བའི་ཞིབ་ཆར་དོ་སྣང་དང་། ཡ་རབས་བྱ་སྤྱོད་ཀྱི་ཚད་གཞིར་བརྩི་སྲུང་། ཡ་རབས་ལྡན་པའི་གྲོང་མི་བཅས་བྱེད་པའི་དྲན་སྐུལ་བྱེད་པ་དང་། མང་ཚོགས་ཀྱིས་མ་རབས་བྱེད་སྤྱོད་ཐེར་འདོན་བྱེད་ཕོད་པར་སྐུལ་འདེད་བཏང་ནས་མ་རབས་བྱེད་སྤྱོད་ཇེ་ཉུང་དུ་གཏོང་ཆེད། ཉེ་ཆར《ལྷ་ས་གྲོང་ཁྱེར་གྱི་ཡ་རབས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དང《ལྷ་ས་གྲོང་ཁྱེར་གྱི་ཡ་རབས་གྲོང་མི(ཞིང་འབྲོག་པ)བརྩོན་ལེན་བྱེད་པའི་གྲོས་འགོའི་ཡི་གེ》གཞིར་བཟུང་། ལྷ་ས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་མ་རབས་བྱེད་སྤྱོད་ཐེར་འདོན་གྱི་ཐབས་ལམ་བཏོད་ཡོད་པ་རེད།
ཐེར་འདོན་བྱེད་ཆོག་པའི་ཁྱབ་ཁོངས།
01. མཐོ་ས་ནས་ཅ་དངོས་དབྱུག་པ་དང་། གད་གཤོང་དང་། སྤྱི་ཕན་བརྡ་ཆའི་བྱང་བུ། འགོག་སྲུང་སྒྲོམ་སྐྱོར། ལོགས་བཅད་སྒྲོམ་སྐྱོར་སོགས་སྤྱི་པའི་རྒྱུ་ནོར་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་དང་།
02. སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་གད་སྙིགས་གང་བྱུང་དུ་དབྱུག་པ་དང་། མེ་ཏོག་དང་རྩྭ་རྩི་ཤིང་རྡོག་བརྫིས་གཏོང་བའི་བྱེད་སྤྱོད།
03. བརྡ་ཆ་གང་བྱུང་དུ་སྦྱོར་བ་དང་། གང་བྱུང་དུ་འབྲི་བ། གང་བྱུང་དུ་འགྲེམས་པ་སོགས་ཀྱི་བྱེད་སྤྱོད།
04. འགྲོ་འོང་བྱེད་མཁན་གྱིས་འགྲིམ་འགྲུལ་གློག་དམར་གང་བྱུང་དུ་སྒྲོལ་བ་དང་། གཞུང་ལམ་གང་བྱུང་དུ་འཕྲེད་བཅད་གཏོང་བ། སྒྲོམ་སྐྱོར་ལ་འཛེག་པ་སོགས་ཀྱི་བྱེད་སྤྱོད།
05. འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་འཇོག་པ་དང་ཁ་འགོག་པ། བགྲོད་ལམ་གཞིར་བཟུང་མི་སྐྱོད་པ། རླངས་འཁོར་གྱི་སྒེའུ་ཁུང་ནས་གད་སྙིགས་དབྱུག་པ། རླངས་འཁོར་གྱི་དུང་བརྡ་ཤུགས་ཆེན་གཏོང་བ། སྟག་རིས་ལམ་ཐིག་ཏུ་འགྲོ་འོང་བྱེད་མཁན་སྔོན་ལ་མི་གཏོང་བ་བཅས་ཀྱི་བྱེད་སྤྱོད།
06. བདལ་གཏོང་རླངས་འཁོར་གྱིས་ཆུ་ཚོད་མི་བརྩི་བ་དང་། འགྲུལ་པ་མི་བླུག་པ། འགྲུལ་པ་མཉམ་དུ་བླུག་པ། རླངས་འཁོར་ལ་བསྡད་པའི་སྤ་སེ་རང་འགུལ་ངང་མི་སྤྲོད་པ་བཅས་ཀྱི་བྱེད་སྤྱོད།
07. ཁྲོམ་བཀྱག་ཚད་ལྡན་མིན་པ་དང་། ལམ་བཟུང་ནས་ཚོང་རྒྱག་པ། ཚོང་ཁང་གི་ཕྱིར་ཚོང་རྒྱག་པ་བཅས་ཀྱི་བྱེད་སྤྱོད།
08. ཁྱི་རྒན་དབྱུག་པ་དང་། ཁྱི་འཁྲིད་སྐབས་ཐག་པ་མི་འདོགས་པ། གཅེས་ཉར་སྲོག་ཆགས་ཀྱི་བཙོག་གཅིན་གཙང་ཕྱགས་མི་བྱེད་པའི་བྱེད་སྤྱོད།
09. ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བཙན་ཤེད་ཀྱིས་ཚོང་རྒྱག་པ་དང་རི་མོ་གང་བྱུང་འབྲི་བའི་བྱེད་སྤྱོད།
10. སྐྱེ་ཁམས་སྲུང་སྐྱོང་གི་གཏན་འབེབས་ལས་བརྒལ་ནས་སྲོག་ཆགས་གང་སར་ཚེ་ཐར་གཏོང་བའི་བྱེད་སྤྱོད།
11. ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་ཡོད་པའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་ཐ་མག་འཐེན་པའི་བྱེད་སྤྱོད།
12. ཨར་པོ་རྒྱག་ཡུལ་དུ་གཏན་འབེབས་ལྟར་ར་སྐྱོར་མི་སྐོར་བ་དང་སྤྱི་ཕན་བརྡ་ཆ་མི་སྤེལ་བའི་བྱེད་སྤྱོད།
13. འབྲུ་རིགས་གྲོན་ཆུང་མི་བྱེད་པར་རྒྱས་སྤྲོས་ཆུད་ཟོས་གཏོང་བའི་བྱེད་སྤྱོད།
14. དེ་མིན་གྱི་མ་རབས་བྱེད་སྤྱོད་གཞན་དག་བཅས་རེད།
གྲོང་མི་མི་སྒེར་གྱིས་ཐེར་འདོན་བྱས་ནས་མཁོ་འདོན་བྱས་པའི་བརྙན་ལམ་དང་པར་རིས་སོགས་དཔྱད་གཞིར་བེད་སྤྱོད་བྱས་ཕྱིན་བྱ་དགའ་སྒོར་100ནས་500བར་སྤྲོད་རྒྱུ།
ཐེར་འདོན་བྱེད་སྟངས།
ལྷ་ས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་ཡིག་སྒམ། Lswmbgt@163.com
འབྲེལ་གཏུགས་ཁ་པར་ཨང་གྲངས། 0891—6328264