དབུ་ཤོག>གསར་འགྱུར།
  • མཐུན་སྒྲིལ་གྱི་རྣམ་པ་ཟབ་མོའི་ཁྲོད་འཚོ་བ་དེ་བས་བདེ་སྐྱིད་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-16

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ། ལྷ་སའི་ཁྲོམ་གཞུང་གང་སར་གློག་སྒྲོན་གྱིས་བརྒྱན་ཞིང་། ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་དང་མཐོན་པོར་བཀལ་བའི་ལྒང་བཞུ་དམར་པོ་སོགས་ལས་ལོ་གསར་གྱི་རྣམ་པས་ཁེངས། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་དུ་བསྐྱོད་ནས་ཀླུ་སྒུག་སྡེ་ཁུལ་གྲོང་ལྷན་ལ་བཅར་འདྲི་བྱས་པ་ཡིན།

    གྲོང་ལྷན་དུ་སྐྱོད་སྐབས“མི་རིགས་མཐུན་སྒྲིལ་ང་ཚོས་མཉམ་དུ་གཏོད། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྤྱོད་བྱེད”ཅེས་པའི་དྲིལ་བསྒྲགས་འགྲེམས་པང་གསར་འགོད་པའི་མིག་ལམ་དུ་འཆར།

    ཀླུ་སྒུག་སྡེ་ཁུལ་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྡེ་ཁུལ་དུ་བདམས་པ་དང་། ལྷ་ས་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་པའི་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་ཚན་པ་ཞིག་རེད། རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་11ཡོད་པའི་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཇི་ལྟར་བྱས་ནས་བསྒྲུབས་ཡོད་དམ།

    གྲོང་ལྷན་གྱི་གཞུང་ལས་ཁང་ནས་གསར་འགོད་པར་ཀླུ་སྒུག་སྡེ་ཁུལ་དུ་འཚོ་བ་བསྐྱལ་ནས་ལོ་15སོང་བའི་ཧུད་རིགས་གྲོང་མི་ཀའོ་ཅ་ཆི་འཕྲད།

    “ལོ་གསར་དང་དུས་ཆེན་གཏོང་སྐབས་ང་ཚོའི་སྡེ་ཁུལ་གྱིས་རྒྱུན་དུ་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་ལ། ང་ཚོ་གྲོང་མིས་ཀྱང་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ནས་ཕན་ཚུན་ཡིད་ཆེས་དང་འཆམ་མཐུན་མཉམ་གནས་ཡོང་བ་བྱེད་ཀྱི་ཡོད། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ལྡན་པའི་སྡེ་ཁུལ་དེ་འདྲ་ཞིག་ཏུ་འཚོ་བ་སྐྱེལ་བས་ཧ་ཅང་སྐྱིད་པོ་འདུག”ཅེས་ཀའོ་ཅ་ཆིས་འཛུམ་དམུལ་དམུལ་ངང་བཤད།

    ཀའོ་ཅ་ཆིས་མི་རིགས་མཐུན་སྒྲིལ་ནི་སྡེ་ཁུལ་གྱི་འཚོ་བ་འཆམ་མཐུན་དང་བདེ་སྐྱིད་ཡོང་བའི་རྨང་གཞི་ཡིན་ཞེས་བརྗོད་བྱུང་། 

    ཀླུ་སྒུག་སྡེ་ཁུལ་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་1987ལོར་བཙུགས་པ་དང་། ཁོངས་གཏོགས་ཁུལ་དུ་གྲོང་མིའི་ཚོགས་ཆུང་11ཡོད། གཟའ་འཁོར་རེའི་རེས་གཟའ་ལྷག་པ་དང་རེས་གཟའ་པ་སངས་ལ་སྡེ་ཁུལ་གྱི་ཀྲུའུ་རེན་པ་སངས་ཚེ་རིང་ལ་དམིགས་བསལ་གྱི་ལས་ཀ་ཞིག་ཡོད་པ་དེ་ནི་ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཆུ་ཚོད་གཅིག་གི“སྐད་གཉིས”སློབ་ཚན(རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་ཡིག)འཁྲིད་ཀྱི་ཡོད་པ་དང་སློབ་ཚན་གྱི་ནང་དོན་གཙོ་བོ་ནི་རྒྱུན་གཏན་འཚོ་བའི་ནང་སྤྱོད་གོ་ཆེ་བའི་སྐད་ཆ་རེད།

    ལྗོངས་ཡོངས་ཀྱི་རྒྱལ་ཡོངས“སྐད་གཉིས”སློབ་སྦྱོང་གི་ཁྱད་ལྡན་སྡེ་ཁུལ་འབའ་ཞིག་ཡིན་པའི་ཀླུ་སྒུག་སྡེ་ཁུལ་གྱིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས“སྐད་གཉིས”ཀྱི་ཁྱད་ལྡན་སྡེ་ཁུལ་གཏོད་པའི་ལས་དོན་ཏན་ཏིག་སྤེལ་ཡོད།

    “‘སྐད་གཉིས’ཀྱི་སློབ་གྲོགས་+སྡེ་ཁུལ་གྱི་དགེ་རྒན་+མཐོ་སློབ་སློབ་ཐོན་སློབ་མའི་དང་བླངས་ཟུར་ཁྲིད་ཞབས་ཞུ”བརྒྱུད་གྲོང་མིས“སྐད་གཉིས”སྦྱོང་བའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཐུབ་པ་མ་ཟད། མི་རིགས་ཁག་གི་གྲོང་མི་འཆམ་མཐུན་མཉམ་གནས་ལའང་སྐུལ་མ་ཐེབས་ཡོད།

    ཀླུ་སྒུག་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་བསོད་ནམས་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀླུ་སྒུག་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་བ་དང་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོས་ཙུའུ་ཀྲང་བྱེད་པ་དང་། སྡེ་ཁུལ་གྱི་ཚན་ཁག་གཞན་དག་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གཞོན་པ་བྱས་པའི་འཛུགས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པས། “འགོ་ཁྲིད་ཨང་དང་པོས”སྤྱི་འགན་འཁུར་བ་དང་། ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་འགན་འཁྲི་ནན་ཏན་སྒྲུབ་པ། ཚན་ཁག་གི་ཁོངས་མི་གཞན་དག་གིས་རང་སོ་སོའི་ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་འཛུགས་གཏོད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། དྲ་མིག་ཁག་གིས་འགན་ནུས་ཧུར་ཐག་འདོན་པ། དུད་སྦྲེལ་ཁག་གི་འཐུས་མི་དང་མང་ཚོགས་སྤྲོ་སེམས་འཁོལ་པོས་ཞུགས་པ་བཅས་བྱས་ཏེ། ཕན་ཚུན་རྒྱབ་སྐྱོར་དང་། གཞོགས་འདེགས་དམ་ཟབ། ཕྱོགས་མང་མཉམ་འགུལ་བཅས་བྱས་ནས་མཉམ་སྐྲུན་མཉམ་གཏོད་ཀྱི་ལས་ཀའི་རྣམ་པ་བཏོད་ཡོད།

    བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་བསམ་བློའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང“ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔ”སོགས་ཀྱི་བསམ་བློ་མི་སེམས་སུ་ཟུག་སྟེ་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་ཕན་ཚུན་སྐུལ་འདེད་དང་། ཕན་ཚུན་མཉམ་འདྲེས། མཐུན་སྒྲིལ་འབད་འཐབ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཟབ་མོ་ཏན་ཏིག་བཏོད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་ཡོད།

    “ད་ཆ་སུ་ཞིག་གི་ཁྱིམ་ལ་དཀའ་ངལ་འཕྲད་ན་ཐོག་མར་སྡེ་ཁུལ་གྱི་མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་ལ་རོགས་པ་བྱེད་རོགས་ཞུ་གི་ཡོད། ཚང་མས་ཕན་ཚུན་སེམས་ཁུར་དང་ཕན་ཚུན་རོགས་རམ་བྱས་པར་བརྟེན་སྡེ་ཁུལ་གྱི་མི་རྣམས་ཧ་ཅང་འཆམ་པོ་ཡོད”ཅེས་བསོད་ནམས་རྒྱལ་མཚན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།