དབུ་ཤོག
  • APPའདི་ཕབ་དང་། ཁྱེད་ལ་ཕན་ཐོགས་ཆེན་པོ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-02-15

    ཉེ་ཆར། “འགྲོ་ལུགས་ཚང་མ་གཉེར་ཆོག”ཅེས་པའི་འགུལ་བདེའི་སྲིད་དོན་ཞབས་ཞུའི་ལས་སྟེགས་དངོས་སུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་རེད། 

    ཕྱིས་སུ“རྒན་རྒོན་གྱི་གཟིགས་སྐྱོང་ལག་ཁྱེར”དང་། “སྤྱི་ཚོགས་འགན་བཅོལ་གྱི་མི་སྒེར་གྱི་ཆ་འཕྲིན་འདྲི་རྩད”“ཨར་སྐྲུན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆོག་འཐུས་ལག་ཁྱེར”སོགས་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་ལས་སྒོ་གཉེར་དགོས་ཚེ། ལྷ་སའི་ཁེ་ལས་ཁག་དང་མང་ཚོགས་ཚོས“འགྲོ་ལུགས་ཚང་མ་གཉེར་ཆོག”ཅེས་པ་ནས་འགྲོ་ལུགས་གཉེར་ཆོག་པ་དང་འགྲོ་ལུགས་ཀྱི་འཕེལ་རིམ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པས། ལས་སྒོ་གཉེར་སྐབས་ཕར་འགྲོ་ཚུར་འོང་མང་པོ་བྱེད་དགོས་མེད་པ་མ་ཟད། “སྦར་མཐིལ་སྲིད་དོན་ཞབས་ཞུའི”སྟབས་བདེ་ལོངས་སུ་སྤྱོད་ཐུབ།

    微信图片_20220215111332.jpg

    ལྷ་ས་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུ་དྲ་ཕྱི་ནས་དྲ་ཐོག་ཏུ་སྤོ་སྒྱུར་བྱས་པ་དང་། རྗེས་སུ་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་དང་། སྤྱི་པའི་ཞབས་ཞུ། དམངས་ཕན་བཀོལ་སྤྱོད་ཚང་མ་APPའདིའི་ནང་འཇུག་རྒྱུ་ཡིན་པས། མང་ཚོགས་ལ་དེ་བས་སྟབས་བདེ་ཡོང་རྒྱུ་རེད།

    མིག་སྔར། “འགྲོ་ལུགས་ཚང་མ་གཉེར་ཆོག”ཅེས་པ་ནས་བུ་བཙའི་ཞབས་ཞུའི་ལག་ཁྱེར་དང་། སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ལེན། སྤྱི་ཚོགས་འགན་བཅོལ་ལ་ཞུགས་པའི་གྲོན་དངུལ་འཇལ་མིན་གྱི་ཟིན་ཐོ་འདྲི་རྩད་སོགས་སྲིད་དོན་ཞབས་ཞུའི་དོན་དག་700ལྷག་ཙམ་སྒྲུབ་ཐུབ་ཀྱི་ཡོད། གཞན་ཡང་། ལས་སྟེགས་དེར་ད་དུང་དྲ་ཐོག་ནས་གྲོན་དངུལ་འཇལ་བ་དང་། སྦྲག་སྲིད་མྱུར་སྐྱེལ། བཅའ་ཁྲིམས་རོགས་སྐྱོར། གཞུང་དཔང་སོགས་སྤྱི་པའི་ཞབས་ཞུ་ཤར་གཏོང་བྱས་པས། འགུལ་བདེའི་སྲིད་དོན་ཞབས་ཞུ་མཛུབ་མོ་མནན་ཙམ་བྱས་ན་ཚང་མ་སྒྲུབ་ཐུབ་པའི་དམིགས་ཡུལ་ལ་སླེབས་ཡོད། 

    微信图片_20220215111341.jpg

    མིག་སྔར། གྲོང་མི་ཚོས་གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་བའམ་ཡང་ན་APPཚོང་ར་ནས་ཐད་ཀར“འགྲོ་ལུགས་ཚང་མ་གཉེར་ཆོག”ཅེས་པ་བཙལ་ནས་ཕབ་ན་འགྲིག APPཕབ་རྗེས། ཁེ་ལས་དང་མང་ཚོགས་ཚོས་སྣ་མང་ཅན་དང་། ཐབས་ལམ་མང་པོ། སྟབས་བདེ་བཅས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ། 

    ཨན་ཀྲུའོ་ཁ་པར་སྤྱོད་མཁན་གྱིས་རྩ་གཉིས་ཨང་རྟགས་འདི་བཤེར་ནས་ཕབ་ན་འགྲིག

    微信图片_20220215111359.jpg

    ཀུ་ཤུའི་ཁ་པར་སྤྱོད་མཁན་གྱིས་ཐད་ཀར“འགྲོ་ལུགས་ཚང་མ་གཉེར་ཆོག”ཅེས་པ་བཙལ་ནས་ཕབ་ན་འགྲིག

    微信图片_20220215111403.jpg

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།