ངོ་མཚར་ཆེ་བའི་སྐད་ཅིག་ཉིད། གཟི་བརྗིད་བཏོད་པའི་སྐལ་བཟང་དུས།
ཟླ་2ཚེས་13ཉིན། རྒྱལ་སའི་ལུས་རྩལ་ཁང་དུ་གཉེར་བའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུག་ཐུང་མྱུར་ཤུད་ཀྱི་བུད་མེད་ཀྱི་སྨི་3000གི་རྒྱུག་མཐུད་མཐའ་བསྡུར་ནང་ཀྲུང་གོའི་རུ་ཁག་ལ་ཨང་གསུམ་པ་ཐོབ་ཅིང་། འདི་ནི་འགྲན་བསྡུར་མཇུག་འགྲིལ་རྗེས་ཀྲུང་གོའི་རུ་ཁག་བྱ་དགའ་སྤྲོད་པའི་སྟེགས་བུའི་ཐོག་ཡོད་པ།
2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རི་ཀླུང་གངས་ཤུད་ཀྱི་སྐྱེས་པའི་སྤྱི་ལེ་4×10རྒྱུག་མཐུད་འགྲན་བསྡུར་དེ་རྒྱལ་ཁབ་རི་ཀླུང་གངས་ཤུད་ལྟེ་གནས་སུ་བྱས་ཤིང་། ཨུ་རུ་སུའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་རུ་ཁག་གིས་ཨང་དང་པོ་བླངས་པ་རེད། འདི་ནི་ཟླ་2ཚེས་13ཉིན་བྱ་དགའ་ཐོབ་མཁན་བདམས་ཐོན་པ་དྲན་གསོའི་དངོས་པོ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།
ཟླ་2ཚེས་12ཉིན། ཀྲུང་གོའི་བདམས་ཐོན་པ་ཀའོ་ཐིང་ཡུས་ཀྱིས་མྱུར་འགྲན་འཁྱགས་ཤུད་ཀྱི་སྐྱེས་པའི་སྨི་500ཡི་མཐའ་བསྡུར་ནང་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་གསེར་གྱི་རྟགས་མ་བླངས་ཅིང་། འདི་ནི་ཀའོ་ཐིང་ཡུས་ཀྱིས་འགྲན་བསྡུར་བྱེད་བཞིན་པ།
ཟླ་2ཚེས་11ཉིན། སྐྱེས་པའི་ལྕགས་སྒྲོམ་གངས་འཁོར་འགྲན་བསྡུར་རྒྱལ་ཁབ་གངས་འཁོར་གངས་ཐེར་ལྟེ་གནས་སུ་གཉེར་ཞིང་། འདི་ནི་འཇར་མན་གྱི་བདམས་ཐོན་པ་ཁོ་ལེ་སི་ཐོ་ཧྥུའུ·ཀེ་ལོ་ཐེ་ཧོར་མཐའ་སྣེར་སླེབས་ནས་ཨང་དང་པོ་ཐོབ་པ།
ཟླ་2ཚེས་8ཉིན། ཀྲང་ཅ་ཁོའུ་ཡུན་ཏིང་གངས་ཤུད་སྤྱི་གླིང་དུ་གཉེར་བའི་ཡ་པང་གངས་ཤུད་ཀྱི་བུད་མེད་ཀྱི་མཉམ་གཤིབ་གུག་གཅུས་ཆེན་པོའི་མཐའ་བསྡུར་ནང་ཅེ་ཁེའི་བདམས་ཐོན་པ་ཨའེ་སི་ཐེ·ལའེ་ཏེ་ཚི་ཁཱར་ཨང་དང་པོ་ཐོབ་ཅིང་། འདི་ནི་ཨའེ་སི་ཐེ·ལའེ་ཏེ་ཚི་ཁཱས་འགྲན་བསྡུར་བྱེད་བཞིན་པ།
ཟླ་2ཚེས་5ཉིན། རྒྱལ་ཁབ་ཀྱི་དགུན་རྩེད་རྣམ་གྲངས་གཉིས་ལྟེ་གནས་སུ་གཉེར་བའི་དགུན་རྩེད་རྣམ་གྲངས་གཉིས་ཀྱི་སྤྱི་ལེ་4×6གི་མཉམ་བསྲེས་རྒྱུག་མཐུད་འགྲན་བསྡུར་ནང་ནོར་ཝེའི་རུ་ཁག་ལ་ཨང་དང་པོ་ཐོབ་ཅིང་། འདི་ནི་ནོར་ཝེའི་བདམས་ཐོན་པ་ཐེ་ལིར·ཨེ་ཁོ་ཧོ་ཧྥུའུ་ཡིས་འགྲན་བསྡུར་བྱེད་བཞིན་པ།
ཟླ་2ཚེས་8ཉིན། ཀྲུང་གོའི་བདམས་ཐོན་པ་ཀུའུ་ཨའེ་ལིང་ལ་རང་མོས་གངས་ཤུད་ཀྱི་བུད་མེད་ཀྱི་མཆོང་སྟེགས་ཆེན་པོའི་ཨང་དང་པོ་ཐོབ་ཅིང་། འདི་ནི་ཀུའུ་ཨའེ་ལིང་གིས་འགྲན་བསྡུར་བྱེད་བཞིན་པ།
ཟླ་2ཚེས་5ཉིན། ཀྲུང་གོའི་རུ་ཁག་གིས་རྒྱུག་ཐུང་མྱུར་ཤུད་ཀྱི་མཉམ་བསྲེས་མཉམ་སྡེབ་ཀྱི་རྒྱུག་མཐུད་ཀྱི་མཐའ་བསྡུར་ནང་ཨང་དང་པོ་བླངས་པ་དེ་ནི་ཀྲུང་གོའི་འཐུས་མི་ཚོགས་པར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཐོབ་པའི་གསེར་གྱི་རྟགས་མ་དང་པོ་དེ་ཡིན་ཞིང་། འདི་ནི་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་རེན་ཙི་ཝེ་དང་ཝུའུ་ཏ་ཅིང(མདུན)གིས་འགྲན་བསྡུར་བྱེད་བཞིན་པ།
ཟླ་2ཚེས་8ཉིན། རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་ཀྱི“འཁྱགས་རོམ་ཤོ་གཟུགས”སུ་གཉེར་བའི་འཁྱགས་ལྟིར་གྱི་མཉམ་བསྲེས་ཉིས་ཤུད་ཀྱི་མཐའ་བསྡུར་ནང་དབྱི་ཐ་ལིར་གསེར་གྱི་རྟགས་མ་ཐོབ་ཅིང་། འདི་ནི་དབྱི་ཐ་ལིའི་བདམས་ཐོན་པ་ཨ་མོ་སི·མོ་ས་ནས་འགྲན་བསྡུར་བྱེད་བཞིན་པ།
པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་དུས་ཚོད་ཕྱེད་ཀ་ལྷག་ཙམ་སོང་ཟིན་པ་དང་འགྲན་བསྡུར་རྣམ་གྲངས་ཁག་ལས་ངོ་མཚར་རབ་ཏུ་མངོན་ཞིང་། ཟླ་2ཚེས་13ཉིན་བར་གསེར་གྱི་རྟགས་མ་65བླངས་ཡོད། ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་དང་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་པ་དང་། ངོ་མཚར་ཆེ་བའི་སྐད་ཅིག་ཉིད་དུ་གངས་འཁྱགས་ལུས་རྩལ་པའི་རྨད་དུ་བྱུང་བའི་གྲུབ་འབྲས་མངོན་ཡོད་ལ། རྩལ་འགྲན་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཧ་ཅང་ཆེན་པོའང་མངོན་ཡོད། གསེར་གྱི་རྟགས་མའི་གཟི་བརྗིད་ནི་ལུས་རྩལ་པས་འགྲན་རར་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་པ་དང་། ལོ་མང་པོ་ཉིན་གཅིག་ལྟར་དཀའ་བ་སྤྱད་དེ་སྦྱོང་བརྡར་བྱེད་པ། འདེགས་སྐྱོར་ནུས་ལྡན་གྱི་དཔུང་ཁག་གི་ཕྱར་བ་གྲུ་འདེགས་བཅས་དང་ཁ་འབྲལ་ཐབས་མེད།
གྲུབ་འབྲས་ནི་གཟེངས་རྟགས་ཐོབ་པ་ཙམ་དང་ཇི་ཙམ་ཐོབ་པ་ཙམ་ལས་མངོན་པ་ཞིག་མིན་པར། ཨོ་ལིམ་ཕིག་གི་སྙིང་སྟོབས་སྟེ། འབད་བརྩོན་ལྷོད་མེད་དང་། རང་ཉིད་ལས་རྣམ་པར་རྒྱལ་བ། རང་ཉིད་ལས་བརྒལ་བ་བཅས་ལས་དེ་བས་མངོན་གྱི་ཡོད། ལུས་རྩལ་པ་ཚོས་འབད་བརྩོན་ལྷོད་མེད་དང་ཕུགས་འདུན་དོན་གཉེར་བྱེད་པ་ལས། “དེ་བས་མྱུར་བ་དང་། དེ་བས་སྤུས་ཚད་མཐོ་བ། དེ་བས་སྟོབས་ལྡན། དེ་བས་མཐུན་སྒྲིལ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ཀྱི་སྙིང་དོན་དེ་བས་མངོན་པར་བྱས་ཡོད།