ཆ་རྐྱེན་དང་མཐུན་པའི་ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མས་གཤམ་གྱི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་སྟེ།
གཅིག་ནི་མཐོ་སློབ་སློབ་ཐོན་སློབ་མས(སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་དང་རྒྱལ་ནང་དུ་ལོག་པའི་ཕྱི་སྦྱོང་སློབ་མ་ཚུད)མ་དངུལ་མཐོ་ཤོས་ལ་སྒོར་ཁྲི་20ཙམ་དང་། ཆེད་དོན་མ་དངུལ་གྱིས་སྐྱེད་གསབ་བྱས་པའི་མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུ་བྱེད་ཆོག་པ་དང་། ཕྲན་ཚེགས་ཁེ་ལས་འཛུགས་མཁན་གྱིས་མ་དངུལ་མཐོ་ཤོས་ལ་སྒོར་ཁྲི་300ཙམ་རེ་ཞུ་བྱེད་ཆོག
གཉིས་ནི་སློབ་གྲྭ་ཐོན་པའི་ལོ་འཁོར་ནང་མཐོ་སློབ་སློབ་ཐོན་སློབ་མས་ཁེར་རྐྱང་ཚོང་གཉེར་བྱས་རིགས་ལ། ལོ་3ནང་དུད་ཚང་རེར་ལོ་རེར་སྒོར་12000གི་བཅད་གྲངས་ལྟར་གནས་ཐང་འཕར་ཁྲལ་དང་། གྲོང་ཁྱེར་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དཔྱ་ཁྲལ། སློབ་གསོའི་ཟུར་སྣོན་གྲོན་དངུལ། ས་གནས་ཀྱི་སློབ་གསོའི་ཟུར་སྣོན་དང་མི་སྒེར་གྱི་ཐོབ་ཁྲལ་བཅས་རིམ་པ་བཞིན་གཅོག་རྒྱུ་རེད།
གསུམ་ནི་ཕྲན་ཚེགས་ཁེ་ལས་ཐོག་མར་འཛུགས་པའམ་ཡང་ན་ཁེར་རྐྱང་ཚོང་གཉེར་བྱས་པ་མ་ཟད། རྒྱུན་གཏན་བཞིན་གཉེར་སྐྱོང་ལོ་1ཡན་བྱས་རིགས་ལ་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྤྲོད་ཆོག་གི་ཡོད་པ་བཅས་རེད།