དབུ་ཤོག>གསར་འགྱུར།
  • གངས་འཁྱགས་ཁྲོད་ནས་ཕུགས་འདུན་མངོན་འགྱུར་བྱེད། ངོ་མཚར་ཆེ་བའི་ཉམས་འགྱུར་རབ་ཏུ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-11

    དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། དཀའ་ཚད་དེ་བས་ཆེ་བའི་སྟངས་སྟབས་ལ་འགྲན་སློང་བྱས་པ། མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་བཏོད་པ་ལ་སོགས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཧ་ཅང་འཁྲུག་ཆ་དོད་པ་དང་ལྟད་མོ་ཆེན་པོ་ཡོད་ཅིང་། འཁྱགས་སྟེང་དཔའ་རྩལ་ངོམ་པ་དང་གངས་སྟེང་བྱ་འཕུར་བ་ལྟར་གྱི་བརྗེད་དཀའ་བའི་སྐད་ཅིག་མ་དེར་ལུས་རྩལ་པའི་ནུས་ཤུགས་ཡོད་རྒུ་དང་རང་གིས་རང་ལས་རྣམ་པར་རྒྱལ་བའི་འབད་བརྩོན་ལྷོད་མེད་མངོན་པ་དང་སྙིང་རུས་ཆེ་ལ་རང་སྟོབས་རང་སྤེལ་གྱི་ཕུགས་འདུན་དོན་གཉེར་གྱི་ལོ་རྒྱུས་ལམ་བུ་གཏོད་བཞིན་ཡོད།

    གངས་འཁྱགས་ལུས་རྩལ་པས་འབད་འབུངས་ཧུར་ཐག་དང་དཔའ་ངར་ཆེན་པོས་བརྩོན་ལེན་བྱས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཐོག་རྩལ་འགྲན་གྱི་འཇོན་ཐང་དང་ལུས་རྩལ་གྱི་ཉམས་འགྱུར་མངོན་པར་བྱས་ནས་མི་དེ་བས་མང་བ་གངས་འཁྱགས་ལུས་རྩལ་ལ་ཞུགས་པར་སྐུལ་ཁྲིད་བྱས་ཐོག“དེ་བས་མྱུར་བ་དང་། དེ་བས་སྤུས་ཚད་མཐོ་བ། དེ་བས་སྟོབས་ལྡན། དེ་བས་མཐུན་སྒྲིལ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ལ་གསལ་འགྲེལ་བྱས་ཡོད། གངས་འཁྱགས་ཀྱི་ཕུགས་འདུན་མཉམ་དུ་གཏོད། འབྱུང་འགྱུར་ལ་མཉམ་དུ་ཕྱོགས་ཞེས་པའི་སྙན་འཇེབས་ལྡན་པའི་རོལ་དབྱངས་ཤིག་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་ནས་ཡོངས་སུ་གྲགས། 

    1655732_yis_1644508800000_s.jpg

    ཟླ་2ཚེས་9ཉིན། རྒྱལ་སའི་ལུས་རྩལ་ཁང་དུ་གཉེར་བའི་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུག་ཐུང་མྱུར་ཤུད་རྣམ་གྲངས་ཀྱི་སྐྱེས་པའི་སྨི་1500ཡི་མཐའ་བསྡུར་ཁྲོད་ཧན་གོའི་བདམས་ཐོན་པ་ཧོང་ཏ་ཤོན་ལ་ཨང་དང་པོ་ཐོབ་ཅིང་། འདི་ནི་ཧན་གོའི་བདམས་ཐོན་པ་ཧོང་ཏ་ཤོན(གཡོན)གྱིས་འགྲན་བསྡུར་བྱེད་བཞིན་པ། 

    1655734_yis_1644508800000_s.jpg

     ཟླ་2ཚེས་9ཉིན། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཡ་པང་གངས་ཤུད་ཀྱི་བུད་མེད་ཀྱི་འགག་འདེད་ཀྱི་མཐའ་བསྡུར་ཀྲང་ཅ་ཁོའུ་ཡུན་ཏིང་གངས་ཤུད་སྤྱི་གླིང་དུ་གཉེར་བ་དང་ཨ་རིའི་བདམས་ཐོན་པ་ལིན་སའེ·ཡ་ཀེ་པེ་ལི་སིར་ཨང་དང་པོ་ཐོབ་ཅིང་། འདི་ནི་ཨང་དང་པོ་ཐོབ་མཁན་ཨ་རིའི་བདམས་ཐོན་པ་ལིན་སའེ·ཡ་ཀེ་པེ་ལི་སི(དཀྱིལ)དང་། ཨང་གཉིས་པ་ཐོབ་མཁན་ཧྥ་རན་སེའི་བདམས་ཐོན་པ་ཁེ་ལུའོ་ཨེ·ཐེ་ལེ་སི་ཕོ་ཧྲི(གཡོན) ཨང་གསུམ་པ་ཐོབ་མཁན་ཁ་ན་ཏའི་བདམས་ཐོན་པ་མེར་ཡེ་ཐ·ཨའོ་ཏིང་བཅས་ལ་དྲན་རྟེན་དངོས་པོ་སྤྲོད་པའི་མཛད་སྒོ་ཡིན་པ། 

    1655738_yis_1644508800000_s.jpg

    ཟླ་2ཚེས་9ཉིན། ཡ་པང་གངས་ཤུད་ཀྱི་བུད་མེད་ཀྱི་འགག་འདེད་འགྲན་བསྡུར་ཀྲང་ཅ་ཁོའུ་ཡུན་ཏིང་གངས་ཤུད་སྤྱི་གླིང་དུ་གཉེར་ཞིང་། འདི་ནི་ལུས་རྩལ་པས་འགྲན་བསྡུར་བྱེད་བཞིན་པ། 

    1655726_yis_1644508800000_s.jpg

    ཟླ་2ཚེས་9ཉིན། རི་མཐོའི་གངས་ཤུད་ཀྱི་བུད་མེད་ཀྱི་གུག་གཅུས་འགྲན་བསྡུར་ཡན་ཆིང་རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་སུ་གཉེར་ཞིང་། འདི་ནི་ཀྲུང་གོའི་བདམས་ཐོན་པ་ཁུང་ཧྥན་ཡིང་གིས་འགྲན་བསྡུར་བྱེད་བཞིན་པ། 

    1655728_yis_1644508800000_s.jpg

     ཟླ་2ཚེས་9ཉིན། སྐྱེས་པའི་འཁྱགས་ཐོག་སྤོ་ལོའི་ཚོགས་ཆུང་གི་འགྲན་བསྡུར་རྒྱལ་ཁབ་ལུས་རྩལ་ཁང་དུ་གཉེར་ཞིང་། འདི་ནི་ཨུ་རུ་སུའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ལྷན་རུ་ཁག་གི་སྤོ་ལོ་རྒྱག་མཁན་ཏེ་མི་ཐེ་ལི·ཨོ་ལུང་ཁོའོ་ཧྥུའུ་དང་སུའེ་ཙེར་རུ་ཁག་གི་སྤོ་ལོ་རྒྱག་མཁན་གཡོད་ཨེར·ཧྥེར་མིང(མདུན)གིས་འགྲན་བསྡུར་ཁྲོད་སྤོ་ལོ་འཕྲོག་རེས་བྱེད་བཞིན་པ། 

    1655736_yis_1644508800000_s.jpg

     ཟླ་2ཚེས་9ཉིན། ཡ་པང་གངས་ཤུད་ཀྱི་སྐྱེས་པའི་Uདབྱིབས་ར་བའི་རྩེད་རྩལ་གྱི་ཐོབ་ཐང་འགྲན་བསྡུར་ཀྲང་ཅ་ཁོའུ་ཡུན་ཏིང་གངས་ཤུད་སྤྱི་གླིང་དུ་གཉེར་ཞིང་། འདི་ནི་ཨ་རིའི་བདམས་ཐོན་པ་ཤའོ་ཨེན·ཧོའེ་ཐེས་འགྲན་བསྡུར་བྱེད་བཞིན་པ། 

    1655730_yis_1644508800000_s.jpg

    ཟླ་2ཚེས་8ཉིན། མྱུར་འགྲན་འཁྱགས་ཤུད་ཀྱི་སྐྱེས་པའི་སྨི་1500ཡི་མཐའ་བསྡུར་རྒྱལ་ཁབ་མྱུར་ཤུད་ཁང་གི“དར་ཆིངས་མར”གཉེར་ཞིང་། འདི་ནི་ཧོ་ལན་གྱི་བདམས་ཐོན་པ་ཁེར·ནེ་སིས་འགྲན་བསྡུར་བྱེད་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།