ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱི་བསྒྲགས།
ཨང་དང་པོ།
དཔྱིད་གསར་དུས་ཆེན་ཚར་བ་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། ལྷ་ས་འདི་ཉིད་ངལ་ནུས་ཕྱིར་གཏོང་རྣམ་པའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་གླ་པ་རྒྱུག་མཁན་དང་ཚོང་པ་ཕྱིར་ལོག་བྱེད་མཁན་མང་པོ་ཡོད་པར་བརྟེན། རིམས་ནད་ཕྱི་ནས་འགོ་བའི་ཉེན་ཁ་སྔར་བས་ཆེ་རུ་ཕྱིན་ཡོད། རིམས་ནད་ཕྱི་ནས་མ་འགོ་བའི་ལས་དོན་ཏན་ཏིག་སྒྲུབ་པ་དང་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་འགོག་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་ཆེད། རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་དུས་གནས་རྟོག་དཔྱོད་དང་། ཚན་རིག་དང་མཐུན་པའི་དབྱེ་ཞིབ། བརྡར་གཅོད་གནད་སྨིན་བཅས་བྱས་ཏེ་ཉེ་དུས་རིམས་ནད་ཕྱི་ནས་མ་འགོ་བའི་ལས་ཀའི་བྱ་ཐབས་ལེགས་སྒྲིག་འོས་འཚམ་བྱས་ཡོད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ཏེ།
1、ལྗོངས་ཕྱིའི་ནད་དཔེ་མེད་པའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ནས་ལྷ་སར་ལོག་མཁན་ཚང་མས་ངེས་པར་དུ་ཉིན་གཉིས(ཆུ་ཚོད་48)ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཡིན་པའི་སྙན་ཞུ་འཁྱེར་དགོས་པ་དང་བོད་བདེ་བགྲོད་ཨང་རྟགས་ལྗང་ཁུ་ཡིན་དགོས། ལྷ་སར་སླེབས་རྗེས་འཕྲལ་མར་ཁོངས་གཏོགས་སྡེ་ཁུལ(གྲོང་ཚོ)ལམ་ཡང་ན་ཚན་པར་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་འབྲེལ་ཆུ་ཚོད་48ཡི་ནང་ཚུན་དུ་རང་འགུལ་ངང་ཉིང་སྐྱུར་བརྟག་དཔྱད་སྒྲིག་གཞིར་བསྐྱོད་དེ་སླར་ཡང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་པ་དང་སྡེ་ཁུལ(གྲོང་ཚོ)དང་ཚན་པས་དོན་འཁྱོལ་ལ་ལྟ་སྐུལ་བྱེད་དགོས།
2、ཉིན་14ཡི་ནང་ཚུན་དུ་ཉེན་ཁ་ཆེ་འབྲིང་ཁུལ་གྱི་རྫོང(ཆུས་དང་། ཆི། ཐད་སྐྱོང་གྲོང་ཁྱེར་གྱི་ཁྲོམ་གཞུང་། ཤང་དང་གྲོང་རྡལ)དུ་བསྐྱོད་པའམ་སྡོད་མྱོང་བའི་མི་སྣ་ལྷ་སར་ལོག་དགོས་ཚེ་ཚང་མས“14+5”གཅིག་སྡུད་ལོགས་འཇོག་དང་གསོ་རིག་བརྟག་དཔྱད(ལོགས་འཇོག་ཉིན་14དང་ཉིང་སྐྱུར་བརྟག་དཔྱད་ཐེངས་5)བྱེད་དགོས་པ་མ་ཟད། ཉིན་1དང་། 4、7、10、14བཅས་ལ་ཁག་སོ་སོར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས།
3、ཉིན་14ཡི་ནང་ཚུན་དུ་ཉེན་ཁ་ཁྱབ་བསྒྲགས་མ་བྱས་པའི་ས་ཁུལ་ཡིན་རུང་། ནད་དཔེ་1དང་དེ་ཡན་གྱི་གཏན་འཁེལ་ནད་དཔེའམ་ཡང་ན་ནད་རྟགས་མེད་པའི་ནད་དཔེ་ཡོད་པའི་གྲོང་ཁྱེར(ས་ཁུལ་དང་ཀྲོའུ་དང་། ཐད་སྐྱོང་གྲོང་ཁྱེར་གྱི་རྫོང་དང་ཆུས)དུ་བསྐྱོད་པའམ་སྡོད་མྱོང་བའི་མི་སྣ་ལྷ་སར་ལོག་དགོས་ཚེ་ཉིན་གཉིས(ཆུ་ཚོད་48)ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཡིན་པའི་སྙན་ཞུ་དགོས་པ་དང་། ལྷ་སར་འབྱོར་མ་ཐག་སླར་ཡང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་པ་མ་ཟད། ཁྱིམ་དུ་ལོག་པའམ་ཡང་ན་མགྲོན་ཁང་དུ་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས(དེའི་རིང་གང་བྱུང་དུ་འགྲོ་སྐྱོད་བྱེད་མི་ཆོག)སྒུག་ནས་སྡོད་དགོས་པ་དང་། བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་ཚེ། རང་དགར་འགྲོ་སྐྱོད་བྱེད་ཆོག
4、མངའ་ཁོངས་ཕྱིར་བསྐྱོད་པའམ་སྡོད་མྱོང་བའི་མི་སྣས་གྲོང་ཁྱེར་རིམས་ནད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དུ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་འབྲེལ། མངའ་ཁོངས་སུ་འཛུལ་མ་ཐག་ཉིན་14གཅིག་སྡུད་ལོགས་འཇོག་བྱེད་དགོས་པ་དང་། ཉིན་7ཁྱིམ་དུ་ལོགས་འཇོག་བྱེད་དགོས་པ། ཉིན་7བདེ་ཐང་ལྟ་ཞིབ་ཚད་ལེན་གྱི་དོ་དམ་བྱས་རྗེས་ལོགས་འཇོག་བྱེད་མཚམས་བཞག་པའི་དཔང་ཡིག་དང་ཉིང་སྐྱུར་བརྟག་དཔྱད་ཐེངས་7ཡན་བྱས་འབྲས་སྲིབས་གཤིས་ཡིན་པའི་སྙན་ཞུ(ཉེ་དུས་བརྟག་དཔྱད་བྱེད་ཐེངས་གཅིག་ནི་ཆུ་ཚོད་48ནང་ཚུན་ཡིན་དགོས)དང་དྭངས་ཁྲག་ནད་འགོག་བརྟག་དཔྱད་གཉིས་ཀ་སྲིབས་གཤིས་ཡིན་པའི་སྙན་ཞུ་ངེས་པར་དུ་ཡོད་དགོས(ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ཟིན་ཀྱང་གོང་གསལ་གྱི་བླང་བྱ་ཁག་ངེས་པར་དུ་དང་ལེན་བྱེད་དགོས)
5、ལྗོངས་ནང་ཁུལ་གྱི་མི་སྣས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ་རང་དགར་འགྲོ་འོང་བྱེད་པར་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཀྱི་དཔང་ཡིག་མི་དགོས།
6、དམིགས་འཛུགས་མགྲོན་ཁང་དུ་བསྡད་ནས་ལྟ་ཞིབ་བྱེད་པའམ་ཡང་ན་གཅིག་སྡུད་ལོགས་འཇོག་བྱེད་རིང་གི་འགྲོ་གྲོན་ཚང་མ་རང་ཉིད་ཀྱིས་འདོན་དགོས།
7、བོད་དུ་ཡོང་མཁན་དང་ལྷ་སར་ལོག་མཁན་ཚང་མས་ལམ་བར་དུ་ཁ་རས་རྒྱག་དགོས་པ་དང་ཞིབ་བཤེར་ས་ཚིགས་ཀྱིས་ཚ་བ་ལྟ་བ་དང་། འགྲུལ་བཞུད་གཱ བདེ་ཐང་ཨང་རྟགས་བཤེར་བ་སོགས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་རང་འགུལ་ངང་གཞོགས་འདེགས་བྱེད་དགོས།
8、བོད་དུ་ཡོང་མཁན་དང་ལྷ་སར་ལོག་མཁན་གྱིས་འགྲུལ་བཞུད་དང་ཆ་འཕྲིན་གལ་ཆེན་རྐང་བཙུགས་ནས་སྦ་གསང་བྱེད་པ་སོགས་ཀྱི་བྱེད་སྤྱོད་ཀྱིས་ཐོན་པའི་མཇུག་འབྲས་ཚང་མ་རང་ཉིད་ཀྱིས་འགན་འཁུར་དགོས།
9、རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་ལག་པ་ཡང་སེ་འཁྲུ་བ་དང་། རྒྱུན་དུ་རླུང་འགྲོ་ཡག་པོ་ཡོང་བ་བྱེད་པ། འདུ་འཛོམས་མི་བྱེད་པ། ཕྱིར་སྐྱོད་སྐབས་ཁ་རས་རྒྱག་པ་བཅས་བྱེད་དགོས།
10、རྒྱ་ཆེའི་ལས་བྱེད་ལས་བཟོ་དང་། གྲོང་མི་ཚོས་ཉེ་དུས་ཡག་ཤོས་བྱུང་ན་ལྷ་ས་ནས་ཕྱིར་ཐོན་མི་རུང་བ་དང་། ལྷག་པར་དུ་རིམས་ནད་ཐོན་སར་འགྲོ་མི་རུང་། གལ་ཏེ་དམིགས་བསལ་གནས་ཚུལ་དབང་གིས་ཐོན་དགོས་ཚེ། ཚན་པའམ་ཡང་ན་སྡེ་ཁུལ་གྱི་མོས་མཐུན་ཐོབ་དགོས་པ་དང་ཚན་པའམ་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་རིམས་ནད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དུ་ཐོ་འགོད་སྙན་སེང་ཞུ་དགོས། ཕྱིར་སྐྱོད་སྐབས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་མ་ཟད། ཚུར་ལོག་སྐབས་སྔ་སྣུར་དུ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།
11、སྤྱི་བསྒྲགས་འདི་སྤེལ་བའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། 2021ལོའི་སྤྱི་བསྒྲགས་ཨང་8པ་ཆབས་ཅིག་ཏུ་མཚམས་འཇོག་བྱེད་རྒྱུ་རེད།
ཁྱེད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས།
རིམས་ནད་ལ་ཁ་གཏད་གཅོག་པའི་ལྷ་ས་གྲོང་ཁྱེར་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས།
2022ལོའི་ཟླ་2ཚེས་7ཉིན།