དབུ་ཤོག>གསར་འགྱུར།
  • སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ནས་འགོ་བཙུགས་ཏེ་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2022-01-28

    “རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ནི‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་འབྲེལ་མཚམས་ཀྱི་འཐབ་ཇུས་ཀྱི་མཚམས་ཚིགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སློབ་སྦྱོང་ཞིབ་ཚགས་དང་གོ་བ་ཟབ་མོ་ལེན་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བཅས་ཀྱི་ལས་དོན་སྐོར་གྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས” 2021ལོའི་ཟླ་12ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག ལས་ཀའི་བླང་བྱ་ཁ་གསལ་འདོན་པ་བཅས་གནང་སྟེ་གྲ་སྒྲིག་ཨང་བསར་བྱས་ནས་སླར་ཡང་རྡོག་ཐོན་བྱེད་དགོས་པའི་དུང་བརྡ་བཏང་བ་རེད།

    2021ལོའི་ཟླ་12ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས། ཚང་མའི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་སྒྲིག་བཤེར་ལྟ་ཞིབ་ལས་སྒོའི་ལས་དོན་དང་རང་ངོས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྟོག་ཞིབ་གནང་ཞིང་། ཁོང་གིས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་ཀྱིས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    སྤྱོད་ཚུལ་བཟང་པོར་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་བ་དང་། དོན་འཁྱོལ་ངོ་མར་བརྟེན་ནས་སྤྱོད་ཚུལ་བཟང་པོ་མངོན་པར་བྱས། འདས་ཟིན་པའི་ལོ་གཅིག་རིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ལྷོད་གཡེང་མི་གཏོང་བ་དང་། མཚམས་མི་འཇོག་པ། དཀའ་ངལ་ལ་མི་སྐྲག་པ་བཅས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་བསྟར་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བ་དང་། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་ཟིལ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་པ། ལོ་མང་རིང་དག་ཐེར་བྱེད་མ་ཐུབ་པ་དང་རྒྱུན་གཏན་ཅན་དུ་འགྱུར་བའི་སྤྱོད་ཚུལ་ངན་རེངས་ཁག་གཅིག་ཡོ་བསྲང་བྱས་པ། གབ་ཡུན་རིང་བ་དང་གྱོད་དོན་རྙོག་འཛིང་ཆེ་བའི་རུལ་སུངས་ཀྱི་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྒོ་ཀུན་ནས་ཤུགས་སྣོན་ཐེབས་པ་དང་། ཆབ་སྲིད་ཀྱི་ཁོར་ཡུག་རྦད་དེ་གཙང་སེལ་ཐུབ་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་བརྟན་ཐོག་ཡར་འཕེལ་དང་གཞུང་འཁྱོངས་གསར་འབྱེད་ཁྲོད་རྣམ་པ་གསར་པ་གཏོད་པ་དང་། སྐས་རིམ་གསར་པར་སླེབས་པ། གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐེངས་4901དང་ལེན་བྱས་པ་དེ་དུས་མཚུངས་ལས་4.6%འཕར་བ་དང་། གནད་དོན་གྱི་ཁུངས་སྣེ་ཁག་ཐེངས་6869ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་41.3%འཕར་བ། གྱོད་དོན་ཐོ་འགོད་1814བྱས་པ་དང་། མི་1788ལ་ཆད་པ་བཅད་པ། མི་73གོང་རིམ་ལ་རྩིས་སྤྲད་པ་བཅས་དུས་མཚུངས་ལས་28.3%དང་། 8.3% 69.8%བཅས་སོ་སོར་འཕར་བ་དེ་ཐོག་ནས“སྟག་སྦྲང”ལ་རྡུང་རྡེག་གཏོང་ཤུགས་ཆུང་དུ་མི་གཏོང་བ་དང་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་བཞིན་ཡོད་པ་ར་སྤྲོད་གང་ལེགས་ཐུབ་ཡོད།

    2022ལོའི་ཟླ་1ཚེས་8ཉིན་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡུང་ཙེར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་བརྟག་དཔྱད་དང་ལེན་བྱེད་བཞིན་པའི་བརྡ་ཁྱབ་བཏང་བ་དང་། ཟླ་1ཚེས་10ཉིན་བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་ཚིགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དེ་སྔའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་བརྟག་དཔྱད་དང་ལེན་བྱེད་བཞིན་པའི་བརྡ་ཁྱབ་བཏང་བ། ཉིན་གཉིས་པར་བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་ཚིགས་ཐོག་ནོར་སྲིད་པུའི་རྒྱུ་ནོར་དོ་དམ་སིའི་སི་ཀྲང་གཞོན་པ་ལའེ་ཡུང་ཐེན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་དོ་དམ་ཁོངས་གཏོགས་གཏན་ཁེལ་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པར་གྱོད་དོན་ཐོ་འགོད་བྱས་ཏེ་ལྟ་ཞིབ་ཀྱི་བརྟག་དཔྱད་བྱ་རྒྱུའི་བརྡ་ཁྱབ་བཏང་བ་རེད།

    རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བྱས་རྗེས་གསར་པ་འཇོག་པ་དང་འགན་འཁྲི་གསར་པས་ལས་འགན་གསར་པར་འབོད་སྐུལ་བྱེད་བཞིན་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་པའི་འཇུག་གཞིར་བརྩིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་གལ་ཆེན་དང་། རྩ་དོན་གལ་ཆེན། ལས་འགན་གཙོ་བོ་བཅས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། ལྗོངས་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ནང་གནས་ཆོས་ཉིད་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ཡོད་པ་མ་ཟད་དུས་བསྟུན་འཕེལ་རྒྱས་ཀྱི་བྱ་ཐབས་ནུས་ལྡན་དང་བྱ་ཐབས་དངོས་ཀྱང་ཡོད་པ། གནད་དོན་རེ་རེ་བཞིན་ཞིབ་འཇུག་ཐག་གཅོད་བྱེད་པ། ཁྱབ་ཁོངས་རེ་རེ་བཞིན་དོ་དམ་དང་བཅོས་སྐྱོང་ནན་པོ་བྱེད་པ། དུས་མཚམས་རེ་རེ་བཞིན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐར་ཕྱིན་པ་སྤེལ་བ་དང་གངས་ལྗོངས་ས་མཐོའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།