མེ་འཁོར་ལ་སྡོད་དུས། ཐོབ་ཐང་ལག་ཁྱེར་ནི་མེད་དུ་མི་རུང་བ་ཞིག་རེད། འགྲུལ་པ་རྣམས་ཀྱིས་སྟབས་བདེ་བའི་གློག་རྡུལ་ཅན་དང་རང་འགུལ་ཅན་གྱི་ཞབས་འདེགས་ལོངས་སུ་སྤྱོད་ཆེད། ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་ལྕགས་ལམ་12306Appནས་གནས་སྐབས་མེ་འཁོར་ལ་སྡོད་ཆོག་པའི་གློག་རྡུལ་ཐོབ་ཐང་བདེན་དཔང་ར་སྤྲོད་དངོས་སུ་ཚོད་ལྟ་བྱེད་བཞིན་ཡོད། ཐོབ་ཐང་བདེན་དཔང་རེ་འདུན་ཇི་ལྟར་ཞུ་མིན་དང་། བཀོལ་སྤྱོད་བྱེད་སྟངས། བཀོལ་སྤྱོད་གོ་རིམ་གཤམ་གསལ་ཏེ། གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་ལྕགས་ལམ་12306Appཕབ་དགོས། གཤམ་གྱི་གོ་རིམ་ལྟར་བེད་སྤྱོད་བྱེད་དགོས།
▲【གནས་སྐབས་མེ་འཁོར་ལ་སྡོད་པའི་ཐོབ་ཐང་བདེན་དཔང】ཞེས་པ་ནས་རང་ཉིད་ཀྱི་ཐོབ་ཐང་ཆ་འཕྲིན་ཏེ། མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་བྲིས་རྗེས། “ལམ་སེང་རེ་འདུན་ཞུ”ཞེས་པ་གནོན་དགོས།
▲ ལྕགས་ལམ་12306Appཐོ་འགོད་བྱས་ཚར་ཚེ། 【གནས་སྐབས་མེ་འཁོར་ལ་སྡོད་པའི་ཐོབ་ཐང་བདེན་དཔང】ཞེས་པ་ནས་རང་འགུལ་ངང་རང་ཉིད་ཀྱི་ཐོབ་ཐང་ཆ་འཕྲིན་མངོན་ཡོང་གི་ཡོད།
དོ་སྣང་བྱེད་དགོས་པར།
1.གནས་སྐབས་མེ་འཁོར་ལ་སྡོད་པའི་གློག་རྡུལ་ཐོབ་ཐང་བདེན་དཔང་རེ་འདུན་ཞུ་སྐབས་རང་ཉིད་ཀྱི་སྡོད་གནས་གཏན་འཁེལ་གྱི་ཞབས་ཞུ་ཁ་དབྱེ་དགོས། 2.གནས་སྐབས་མེ་འཁོར་ལ་སྡོད་པའི་གློག་རྡུལ་ཐོབ་ཐང་བདེན་དཔང་དེ་ཀྲུང་གོའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡོད་པས་མ་གཏོགས་རེ་ཞུ་བྱ་མི་ཆོག གལ་སྲིད་གནས་སྐབས་མེ་འཁོར་ལ་སྡོད་པའི་ཐོབ་ཐང་བདེན་དཔང་གི་འགྲོ་ལུགས་གཉེར་མ་ཐུབ་ཚེ། མེ་འཁོར་བབས་ཚུགས་ཀྱི་སྤྱི་བདེའི་ལག་ཁྱེར་བཟོ་སའི་སྐར་ཁུང་ནས་གནས་སྐབས་མེ་འཁོར་ལ་སྡོད་པའི་ཤོག་བུའི་ཐོབ་ཐང་བདེན་དཔང་བཟོ་དགོས།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍