དབུ་ཤོག>གསར་འགྱུར།
  • “མང་ཧོ་སྒམ་ཆུང”གི་རྩེད་ཆས་ལ་བརྟེན་ནས་བཟའ་བཅའ་ཚད་བརྒལ་ངང་ཉོ་བར་བསླུ་བྲིད་བྱས་རིགས་འགོག་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-01-18

     ཁེན་ཏེ་ཅི་དང་མང་ཧོ་སྒམ་ཆུང་གི་རྩེད་ཆས་ཕྱིར་ཚོང་ཚོང་པ་ཕའོ་ཕའོ་མ་ཐེ་ཡིས་མཉམ་དུ་བཏོན་པའི“DIMOOམིང་མཉམ་འགོད་ཀྱི་མང་ཧོ་སྒམ་ཆུང་གི་བཟའ་བཅའ”འཛད་སྤྱོད་པས་ཧབ་ཉོ་བྱེད་པའི་གནད་ཚུལ་ཐོན་པ་དང་། ཟླ་1ཚེས་12ཉིན་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ལྟ་ཚུལ་བརྗོད་པ་སྟེ། “མང་ཧོ་སྒམ་ཆུང”གི་རྩེད་ཆས་ལ་བརྟེན་ནས་བཟའ་བཅའ་ཚད་བརྒལ་ངང་ཉོ་བར་བསླུ་བྲིད་བྱས་རིགས་འགོག་དགོས།

    ཉེ་ཆར་ཁེན་ཏེ་ཅི་དང་མང་ཧོ་རྩེད་ཆས་ཕྱིར་ཚོང་ཚོང་པ་ཕའོ་ཕའོ་མ་ཐེ་ཡིས་མཉམ་དུ་བཏོན་པའི“DIMOOམིང་མཉམ་འགོད་མང་ཧོ་སྒམ་ཆུང་གི་བཟའ་བཅའ”འཛད་སྤྱོད་པས་ཧབ་ཉོ་བྱེད་པ་མ་ཟད་སྤྱི་ཚོགས་ཐོག་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། མང་ཧོ་སྒམ་ཆུང་གི་བཟའ་བཅའ་ཕྱིར་ཚོང་སྒྲིག་སྲོལ་ལ་གཞིགས་ན། རྩེད་ཆས་ཆ་ཚང་ཉོ་དགོས་ན། མ་མཐར་ཡང་བཟའ་བཅའ་ཆ་ཚང་དྲུག་ཉོ་དགོས། དེའི་ནང་དཀོན་རིགས་རྩེད་ཆས་ཐོན་ཚད་ནི་1:72རེད། དེའི་ཕྱིར་འཛད་སྤྱོད་པས་ཐེངས་གཅིག་ལ་མ་དངུལ་སྒོར་10494བཏང་སྟེ་བཟའ་བཅའ་ཆ་ཚང་106ཉོས་པ་དང་། ཡང་འཛད་སྤྱོད་པས་རྩེད་ཆས་ཆ་ཚང་རག་ཆེད། ཟ་རོགས་བྱེད་པའི་ཞབས་ཞུ་ཉོ་སྒྲུབ་བྱས་ཏེ་མི་གླས་ནས་བཟའ་བཅའ་ཆ་ཚང་བཟའ་རུ་བཅུག་སྟེ་མང་ཧོ་ཐོབ་ཐབས་བྱེད་པ་མ་ཟད་ཐ་ན་ཟས་མི་ཚར་བའི་ཟས་རིགས་ཐད་ཀར་དབྱུགས་ཀྱི་ཡོད་པ་རེད།

    ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས། ཚོང་ཟོག་ཕྱིར་ཚོང་བྱེད་སྐབས་བཟའ་བཅའ་ཉོས་ན་རྔན་པ་སྤྲོད་པ་དང་། སྐར་མ་གསོག་པ། གོང་ཚད་གཅོག་པ། ཤོག་ཆག་སྤྲོད་པ་སོགས་ཀྱི་བྲིན་ཚོང་བྱེད་སྟངས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་ཐོན་གྱི་ཡོད། ལུགས་དང་མཐུན་ཞིང་ཁྲིམས་མཐུན་ཡིན་ཚེ་རྒྱུན་གཏན་གྱི་ཁེ་བཟང་སྤྲོད་པའི་བྲིན་ཚོང་ལས་ཚོང་པར་ཡོང་འབབ་འཕར་བ་མ་ཟད་འཛད་སྤྱོད་པར་ཡང་ཕན་པ་དངོས་ཐོབ་པས། བྱེད་སྟངས་དེ་རིགས་འགྲིག་པ་ཞིག་རེད། འོན་ཀྱང་ཁེན་ཏེ་ཅི་བཟའ་བཏུང་ཁེ་ལས་ཤིག་ཡིན་པའི་ཆ་ནས། དེས་གཉེར་སྐྱོང་བྱེད་པའི་མགྱོགས་ཟས་ཟས་རིགས་ནི་དུས་བཀག་ནང་ཟ་བའི་ཚོང་ཟོག་རེད། དགོས་མཁོ་ལྟར་ཉོས་ནས་འཕྲལ་དུ་ཟ་བ་ནི་ཚོང་ཟོག་འདི་རིགས་ཀྱི་ཁྱད་ཆོས་ཡིན་པས་རྒྱུན་དུ་འཛད་སྤྱོད་པས་ཚད་ལས་འདས་པ་ཉོ་མི་སྲིད། གྲངས་འབོར་ཚོད་འཛིན་རིགས་ཀྱི་མང་ཧོ་སྒམ་ཆུང་ཕྱིར་ཚོང་བྱེད་སྟངས་ནི“བཀྲེས་ལྟོགས་ཚོང་གཉེར”གྱི་ཐབས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་ཞིག་ཡིན་པས། འཛད་སྤྱོད་པས་གྲངས་འབོར་ཚོད་འཛིན་རིགས་ཀྱི་མང་ཧོ་སྒམ་ཆུང་ཐོབ་ཆེད་སྣང་མེད་ངང་འཛད་སྤྱོད་བྱེད་པ་དང་འབྲེལ། ཚད་ལས་འདས་པ་ཉོས་པ་ལས་བཟའ་བཅའ་འཕྲོ་བརླག་འགྲོ་གི་ཡོད་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།