དབུ་ཤོག>གསར་འགྱུར།
  • 《དམག་ཞབས་ཐིམ་པའི་དབང་སྐྱོན་དམག་མིའི་སྨན་བཅོས་འགན་ལེན་བྱ་ཐབས》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-01-18

    དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་དང་། ནོར་སྲིད་པུའུ། མི་སྤྱི་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས། ཀྲུང་དབྱང་དམག་ཨུད་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་སོགས་སྡེ་ཚན་6གིས་ཉེ་ཆར《དམག་ཞབས་ཐིམ་པའི་དབང་སྐྱོན་དམག་མིའི་སྨན་བཅོས་འགན་ལེན་བྱ་ཐབས》མཉམ་དུ་བཀྲམ་སྟེ། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་དོན་ཚད་ལྡན་དུ་བཏང་ནས་དམག་ཞབས་ཐིམ་པའི་དབང་སྐྱོན་དམག་མིའི་ཁྲིམས་མཐུན་ཁེ་དབང་དེ་བས་ལེགས་པའི་ངང་འགན་ལེན་བྱས་ཡོད་པ་རེད།

    བྱ་ཐབས་ནང་འགན་ལེན་ནང་དོན་ལེཌ་སུ་གཏོང་བ་དང་། དམག་ཞབས་ཐིམ་པའི་དབང་སྐྱོན་དམག་མིའི“འགན་བཅོལ་དང་། རོགས་སྐྱོབ། ཁ་གསབ། གཟིགས་སྐྱོང་བཅས་ཟུང་དུ་འབྲེལ་བའི”སྨན་བཅོས་འགན་ལེན་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམག་ཞབས་ཐིམ་པའི་དབང་སྐྱོན་དམག་མི་གཏན་འབེབས་གཞིར་བཟུང་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པ་དང་འབྲེལ་དེ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཁ་གསལ་འདོན་པ། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དབང་སྐྱོན་དམག་མིར་དེ་མཚུངས་ཀྱི་སྨན་བཅོས་རོགས་སྐྱོབ་ལོངས་སུ་སྤྱོད་རྒྱུ་ཡོད། གཞི་རྩའི་སྨན་བཅོས་འགན་ལེན་གྱི་ཐོབ་ཐང་ལོངས་སྤྱོད་ཐུབ་པའི་རྨང་གཞིའི་ཐོག་གཏན་འབེབས་གཞིར་བཟུང་གཟིགས་སྐྱོང་བྱ་ཡུལ་ལ་སྨན་བཅོས་ཁ་གསབ་དང་སྨན་བཅོས་སྒྲིག་གཞི་མི་འདྲ་བར་སྨན་བཅོས་བྱེད་པའི་དམིགས་བསལ་གཟིགས་སྐྱོང་ལོངས་སྤྱོད་ཐུབ་པ་བྱས་ཡོད་པ་རེད།

    བྱ་ཐབས་ནང་དམིགས་བསལ་གཟིགས་སྐྱོང་ཁྱབ་ཁོངས་ཆེ་རུ་གཏོང་བའི་ཐད་གཏན་འབེབས་བྱས་ཤིང་། དམག་ཞབས་ཐིམ་པའི་དབང་སྐྱོན་དམག་མི་སྨན་བཅོས་སྒྲིག་གཞིར་སྨན་པ་བསྟེན་སྐབས་གཏན་འབེབས་གཞིར་བཟུང་། སྔོན་ལ་ཨང་ཀི་བཀག་པ་དང་། སྨན་ལེན་པ་། སྨན་རིན་སྤྲོད་པ། བརྟག་དཔྱད་བྱེད་པ། ནད་ཁང་དུ་སྡོད་པ་བཅས་ཆོག་པ་ཁ་གསལ་བཏོན་ཡོད། དམིགས་བསལ་གཟིགས་སྐྱོང་སྨན་ཁང་དུ་དམིགས་བསལ་གཟིགས་སྐྱོང་གི་གཟུགས་པོ་བརྟག་དཔྱད་དང་། སྔོན་ལ་སྨན་པ་བསྟེན་པ། བརྟག་དཔྱད་བྱེད་པ། ནད་ཁང་དུ་སྡོད་པ་སོགས་ཀྱི་ཞབས་ཞུ་སྔོན་ལ་ལོངས་སྤྱོད་ཆོག་པ་དང་འབྲེལ། སྒོ་བསྟེན་སྨན་བཅོས་དཀྱུས་མའི་ཨང་ཀི་བཀག་པའི་རིན་པ་ཆག་ཡང་གཏོང་རྒྱུ་དང་། དམག་དཔུང་སྨན་བཅོས་སྒྲིག་གཞིར་སྨན་པ་བསྟེན་སྐབས་གོ་གནས་རིམ་པ་གཅིག་མཚུངས་ཀྱི་དམག་སྐུལ་དང་ལེན་བྱེད་བཞིན་པའི་དམག་མིར་ཆུ་ཚད་གཅིག་མཚུངས་ཀྱི་སྔོན་ཐོབ་དང་དམིགས་བསལ་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་དང་འབྲེལ་སྒོ་བསྟེན་སྨན་བཅོས་དང་དོས་དྲག་སྨན་བཅོས་ལ་ཨང་ཀི་བཀག་པའི་རིན་པ་ཆག་ཡང་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།