དབུ་ཤོག>གསར་འགྱུར།
  • ཤིས་ཨན་གྱི་ཉེན་ཁ་ཆུང་བའི་ས་ཁོངས་ཀྱི་མཐོ་སློབ་སློབ་མ་ཁག་དང་པོ་སློབ་གྲྭ་ནས་བྲལ་ཏེ་ཕ་ཡུལ་དུ་ལོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-01-18

    1564428_yis_1642435200000_s.jpg

    འདི་ནི་ཟླ་1ཚེས་16ཉིན་ཤིས་ཨན་བབས་ཚུགས་བྱང་མར་འཛུལ་སའི་སྒྲོམ་སྐྱོར་གྱི་ལྡེབས་སུ་ཕ་ཡུལ་དུ་ལོག་མཁན་སློབ་མས་སྦྱར་བའི་ཡི་གེ་ཡིན་པ།

    ཤིས་ཨན་དུ་རེས་སྐོར་འདིའི་ཏོག་གསར་རིམས་ནད་ཐོན་རྗེས་ཤིས་ཨན་གྱི་མཐོ་སློབ་ཀྱིས་བསྟུད་མར་སྒོ་སྡོམ་རྣམ་པའི་དོ་དམ་བྱས་ཡོད། ཉེ་ཆར། རིམས་ནད་ཀྱི་གནས་ཚུལ་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཤིས་ཨན་གྱི་ཆུས་དང་རྫོང་མང་པོ་ཞིག་ཉེན་ཁ་ཆུང་བའི་རིམ་པར་སླེབས་ཡོད་པ་དང་ཧྲའན་ཤིས་ཞིང་ཆེན་དང་ཤིས་ཨན་གྲོང་ཁྱེར་གྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་། ཉེན་ཁ་ཆུང་བའི་ཆུས་དང་རྫོང་གི་སློབ་གྲྭས་དགུན་ཁའི་གུང་གསེང་བཞག་ཡོད། ཤིས་ཨན་གྲོང་ཁྱེར་ཝུའེ་དབྱང་ཆུས་ཟླ་1ཚེས་13ཉིན་གྱི་དགོང་མོའི་ཆུ་ཚོད་དྲུག་པར་ཉེན་ཁ་ཆུང་བའི་རིམ་པར་སླེབས་རྗེས་མཐོ་སློབ་སློབ་མ་སློབ་གྲྭ་ནས་བྲལ་ཏེ་ཕ་ཡུལ་དུ་ལོག་པའི་ལས་དོན་ཧུར་ཐག་སྤེལ་བ་དང་ཚེས་16ཉིན་ནས་བཟུང་ཁོངས་གཏོགས་ཁུལ་གྱི་མཐོ་སློབ་ཀྱིས་སློབ་མ་ཁག་བགོས་འཚང་གཡོལ་ངང་སློབ་གྲྭ་ནས་འབྲལ་རྒྱུའི་བཀོད་སྒྲིག་བྱས་ཤིང་། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།