དབུ་ཤོག
  • གཟའ་འཁོར་འདིར་བོད་ཀྱི་ས་ཆ་འདི་དག་ལ་གངས་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-01-10

    བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡ་ལས་མངོན་པར་གཞིགས་ན། གཟའ་ཟླ་བ་དང་མིག་དམར་ལ་མངའ་རིས་ཀྱི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ས་བབ་མཐོ་བའི་ཤང་གྲོང་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ཉིང་ཁྲི་དང་། ཆབ་མདོའི་བྱང་རྒྱུད། ནག་ཆུའི་ཤར་རྒྱུད། ལྷོ་ཁའི་ཤར་ལྷོའི་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་ཁག་གཅིག་ཏུ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ། གཟའ་ལྷག་པ་དང་ཕུར་བུར་ཉིང་ཁྲི་དང་ཆབ་མདོའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་དེ་མིན་གྱི་ས་ཁུལ་ཁག་གཅིག་ལ་གནམ་དྭངས་བ་ནས་སྤྲིན་པ་ཉུང་བ་འཁོར་རྒྱུ། གཟའ་འཁོར་འདིའི་ནང་ནག་ཆུ་དང་། མངའ་རིས་ཀྱི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ལྷགས་པ་རིམ་པ་5ཡས་མས་རྒྱག་རྒྱུ།

    སྔོན་དཔག་བྱས་ན་གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད་དུ་གངས་འབབ་རྒྱུ་རེད་འདུག་པས། མངའ་རིས་ཀྱི་ས་ཆ་མང་ཆེ་བ་དང་ནག་ཆུའི་ནུབ་རྒྱུད་དུ་དྲོད་ཚད་དམའ་ཙམ་ཡོད་པ་དང་ས་ཁུལ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ་རེད། 

    གནམ་གཤིས་ལས་ཁུངས་ཀྱིས་གྲོས་འགོ་བཏོན་དོན། ལྷོ་རྒྱུད་དང་ཤར་རྒྱུད་དུ་གངས་བབས་ནས་གངས་གསོག་ཐེབས་ཚད་མང་དུ་འགྲོ་རྒྱུ་རེད་འདུག་པས། འགྲིམ་འགྲུལ་སྐྱེལ་འདྲེན་དང་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། གཟའ་འཁོར་འདིའི་ནང་ནག་ཆུ་དང་། མངའ་རིས་ཀྱི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེན་པོ་རྒྱག་རྒྱུ་རེད་འདུག་པས་འགོག་ཟོན་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།