དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལ་ཤུཌ་སྣོན་བརྒྱབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-01-10

    “ཉེ་བའི་ལོ་ཤས་རིང་། མཐོང་རྒྱ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ལྷོ་པ་རིགས་ཀྱི་མང་ཚོགས་དང་མི་རིགས་གཞན་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་སོང་། ད་ཆའི་ཁྱུང་གླིང་གྲོང་ཚོའི་གྲོང་མི་རྣམས་ནི་མི་རིགས་ཀྱི་དབྱེ་བ་མེད་པར་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བཞིན་ཡོད་པ་དང་། གྲོང་ཚོ་ཧྲིལ་པོར་དུད་ཚང་50དང་མི་203ཡོད་པ་ཚང་མ་མཐུན་སྒྲིལ་མཛའ་བཤེས་དང་ཕན་ཚུན་རོགས་རེས་བྱེད་བཞིན་ཡོད་པས་གང་ས་ནས་མཐུན་སྒྲིལ་འབད་འབུངས་དང་ཐུན་མོང་འཕེལ་རྒྱས་ཀྱི་རྣམ་པ་མངོན་བཞིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་གསུངས།

    ཁྱུང་གླིང་གྲོང་ཚོའི་རྗེས་ལུས་དང་སྣ་གཅིག་གི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བར་ཏང་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་རྒྱུ་དངོས་སོགས་ཕྱོགས་མང་པོའི་ཐད་ནས་རྒྱབ་སྐྱོར་གནང་སྟེ་ས་གནས་དེ་གའི་མི་སེར་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་ཤུགས་ཆེན་བྱས་ཡོད། ཡུལ་སྐོར་གྱི་ལེགས་ཆར་བརྟེན་ནས་ཁྱུང་གླིང་གྲོང་ཚོས་གནས་ཡུལ་རོང་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་ཕྱིར་ཚོང་ཚོགས་ཆུང་བཙུགས་ནས། གྲོང་ཚོ་ཡོངས་ཀྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་པ་རེད། “བྱེད་ཐབས་དེ་ལས་གྲོང་མི་ཚོའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་ང་ཚོ་ལྷོ་པ་རིགས་ཀྱི་རིག་གནས་དྲིལ་བསྒྲགས་འོས་སྦྱོར་ཡང་བྱེད་ཐུབ་ཡོད”ཅེས་ཟླ་བས་གསུངས།

    “རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་སྔར་བས་འབད་འབུངས་ཡར་བརྩོན་བྱེད་དགོས་ལ། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་བྱུང་བ་ནི་དངོས་འབྲེལ་ཕྱུག་འགྱུར་བྱུང་བ་ཞིག་རེད། ད་ཆ། ཁྱུང་གླིང་གྲོང་ཚོའི་གྲོང་མི་ཚོར་ལྗང་མདོག་ཡུལ་སྐོར་ལས་ཡོང་འབབ་བྱུང་བས་ཐོན་ལས་དེའི་རིགས་སྔར་བས་འཕེལ་རྒྱས་གཏོང་འདོད་ཆེན་པོ་ཡོད། ཡུལ་སྐོར་ཐོན་ལས་ཀྱི་སྐུལ་ཁྲིད་འོག་ཁྱུང་གླིང་གྲོང་ཚོའི་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་ལྷོ་པ་ས་ཁུལ་གྱི་ཁྱད་ལྡན་རི་ཕག་གསོ་ཚགས་བྱེད་པ་དང་། གནས་མཆོག་གནས་ཡུལ་རོང་གི་ལྷོ་པའི་སླས་འཐག་ཞིང་འབྲོག་པའི་མཉམ་ལས་ཁང་འཛུགས་པ། ལྷོ་པ་རིགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་དུད་ཚང་ཚང་མར་ཕན་པ་དངོས་ཐོབ་པ་བྱས་ཡོད། ཁྱུང་གླིང་གྲོང་ཚོའི་གྲོང་མི་ཚོས་ཐོན་སྐྱེད་ཀྱི་རྩལ་ནུས་དང་འཕེལ་རྒྱས་གཏོང་སྟངས་སྔར་ལས་མང་བ་རིམ་བཞིན་ཁོང་དུ་ཆུད་དེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད”ཅེས་ཟླ་བས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།