ཆབ་མདོས་ལས་བཟོའི་སྨན་བཅོས་རོགས་རེས་འགན་སྲུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར་ཆབ་མདོ་གྲོང་ཁྱེར་གྱི་ལས་བཟོའི་སྨན་བཅོས་རོགས་རེས་འགན་སྲུང་སྲིད་ཇུས་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་དང་། བྱེད་སྒོ་དེ་ཆབ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ཁྲིམས་ཁང་དང་། གྲོང་ཁྱེར་ཞིབ་དཔྱོད་ཁང་། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་མི་སྤྱི་ཅུས་སོགས་ཚན་པ20ལྷག་ཙམ་དྲིལ་བསྒྲགས་བྱ་བར་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། འཕྲེད་འགེལ་ཡི་གེ་འགེལ་བ་དང་། དྲིལ་བསྒྲགས་ས་ཚིགས་འཛུགས་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དྲིལ་བསྒྲགས་འགྲེམས་པང་འཛུགས་པ། དྲིལ་བསྒྲགས་བརྙན་ཐུང་སྟོན་པ། དོགས་གཞིར་ལན་རྒྱག་པ། ལག་རྟགས་ཆུང་ངུ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕར་འགྲོ་ཚུང་འོང་བྱེད་མཁན་གྲོང་མི་མང་ཚོགས་ལ་ལས་བཟོའི་སྨན་བཅོས་རོགས་རེས་འགན་སྲུང་གི་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད།