དབུ་ཤོག
  • ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་གཅོག་སྟངས་ལ་འགྱུར་ལྡོག་གཏོང་རྩིས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-12-30

    སྤྱི་བདེ་པུས་འཐུས་སྒོ་ཚང་དུ་བཏང་བའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྐར་མ་གཅོག་པའི་དོ་དམ་ལམ་ལུགས་སྟེ། 《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་སྐར་མ་གཅོག་པའི་དོ་དམ་བྱེད་ཐབས》2022ལོའི་ཟླ་4ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།

    སྐར་མ་གཅོག་པའི་སྒྲིག་སྲོལ་ལ་འགྱུར་ལྡོག་ཆེན་པོ་གཏོང་རྒྱུ་རེད་འདུག་པས་ཁ་ལོ་བ་ཚོས་དོ་སྣང་ཡོད་པ་ཞུ།

    ཁྲིམས་ལུགས་སྦྱངས་ནས་སྐར་མ་གསབ་པའི་བྱེད་ཐབས་ཁྱབ་གདལ་གཏོང་རྒྱུ། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་སློབ་སྦྱོང་ནང་ཞུགས་པ་དང་དེ་བཞིན་ཡིག་རྒྱུགས་ལོན་པའམ་ཡང་ན་འབྲེལ་ཡོད་འགྲིམ་འགྲུལ་བདེ་འཇགས་ཀྱི་སྤྱི་ཕན་བྱེད་སྒོ་སོགས་ཀྱི་ནང་ཞུགས་ཚེ་ལོ་གཅིག་ནང་མཐོ་ཤོས་སུ་སྐར་མ་6གསབ་རྒྱུ།

    སྐར་མ་གཅོག་ཚད་ལེགས་སྒྲིག་བྱ་རྒྱུ། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁག་གཅིག་གི་སྐར་མ་གཅོག་ཚད་དམའ་རུ་གཏོང་བ་དང་། རླངས་འཁོར་ལ་ཞིབ་དཔྱད་མཚོན་རྟགས་དང་འགན་བཅོལ་མཚོན་རྟགས་སོགས་སྦྱར་མེད་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་སྐར་གཅོག་རྒྱུ་མིན་པ།

    སྐར་མ་ཆ་ཚང་བཅགས་རྗེས་ཀྱི་སློབ་སྦྱོང་དང་རྒྱུགས་སྤྲོད་པའི་ལམ་ལུགས་ལ་འགྱུར་ལྡོག་གཏོང་རྒྱུ། ཐེངས་ཁ་ཤས་སྐར་མ་བཅགས་ནས་སྐར་མ་12ཆ་ཚང་བཅག་རྗེས་ཁ་ལོ་བར་སློབ་སྦྱོང་དང་རྒྱུགས་སྤྲོད་དུ་འཇུག་པའི་ལམ་ལུགས་ནན་དུ་གཏོང་བ་དང་། ཁྲིམས་ལས་འགལ་ནས་རླངས་འཁོར་ཐེངས་མང་གཏོང་མཁན་ཁ་ལོ་བར་སློབ་གསོ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་བསྒྲགས་ནས་སྐར་མ་མི་འཐེན་པ་བཅས་བྱ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།