དབུ་ཤོག>གསར་འགྱུར།
  • ལྷ་གྲུ་ཨང་བཅུ་གསུམ་པར་བསྡད་པའི་འཇིག་རྟེན་འཕུར་སྐྱོད་པ་གཉིས་བདེ་བླག་ངང་གྲུ་ཚང་ནས་དོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-12-28

    360截图20211228094616122.jpg

     འདི་ནི་ཟླ་12ཚེས་26ཉིན་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་པར་བླངས་པའི་ལྷ་གྲུ་ཨང་བཅུ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཧྥུའུ་གྲུ་ཚང་ནས་དོན་བཞིན་པའི་གནས་ཚུལ་ཡིན་པ།

    ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2021ལོའི་ཟླ་12ཚེས་26ཉིན་གྱི་ཆུ་ཚོད་18དང་སྐར་མ་44ཐོག ལྷ་གྲུ་ཨང་བཅུ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཧྥུའུ་ཡིས་བདེ་བླག་ངང་ཐན་ཧོ་ལྟེ་བའི་གྲུ་ཚང་མཚམས་ཚིགས་གྲུ་ཚང་གི་སྒོ་ཕྱེ་བ་དང་། འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཧྥུའུ་ཡིས་ཆུ་ཚོད་18དང་སྐར་མ་50དང་། འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲི་ཀང་གིས་ཆུ་ཚོད་19དང་སྐར་མ་37ཐོག་རང་རྒྱལ་གྱི་ཐོན་གསར་པའི“ཧྥེ་ཐན”རྟགས་ཅན་གྱི་གྲུ་ཚང་ཕྱིའི་འཕུར་སྐྱོད་གྱོན་ཆས་གྱོན་ནས་སྔ་རྗེས་སུ་ཐན་ཧོ་ལྟེ་བའི་གྲུ་ཚང་མཚམས་ཚིགས་གྲུ་ཚང་ནས་བདེ་བླག་ངང་དོན་པ་དང་། རྗེས་སུ་བར་སྣང་ས་ཚིགས་ཀྱི་གྲུ་ཚང་ཕྱིའི་ཡུལ་ལྗོངས་ཧྲིལ་པོའི་པར་ཆས་Cདབྱིབས་ཡར་འདེགས་དང་རང་རྟེན་ངང་དངོས་རྫས་འཁྱེར་ནས་སྤོ་སྒྱུར་བྱེད་པའི་ཚོད་ལྟ་སོགས་བྱ་རྒྱུ་རེད། དེའི་རིང་གྲུ་ཚང་ནང་དུ་སྡོད་མཁན་འཇིག་རྟེན་འཕུར་སྐྱོད་པ་ཝང་ཡ་ཕིང་གིས་ས་ངོས་ནས་བཀོལ་སྤྱོད་བྱེད་པའི་འཕྲུལ་འཁོར་ལག་པར་གཞོགས་འདེགས་བྱས་ནས་གྲུ་ཚང་ནས་དོན་མཁན་འཇིག་རྟེན་འཕུར་སྐྱོད་པ་གཉིས་ཀྱིས་གྲུ་ཚང་ཕྱིར་ལས་སྒྲུབ་བྱེད་རྒྱུར་རོགས་སྐྱོར་བྱ་རྒྱུ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།