དབུ་ཤོག
  • དགུན་དུས་ཟས་རིགས་འདི་དག་འཛེམ་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-12-27

    ཟས་རིགས་གྲང་མོ་འཛེམ་དགོས་པ།

    བཏུང་བྱ་གྲང་མོ་དང་འཁྱག་ཞོ་སོགས་མང་པོ་འཐུང་མི་ཉན་ཞིང་། དེས་ཕོ་བར་གནོད་པ་དང་། ཕོ་རྒྱུ་གློ་བུར་དུ་འཁུམས་འགྲོ་བའི་ཁར་འཇུ་བྱེད་མ་ལག་ལའང་སྐྱོན་ཆེན་པོ་རྒྱག་གི་ཡོད།

    གྲོད་ཁོག་སྟོང་པར་འཛེམ་དགོས་པའི་ཟས།

    གྲོད་ཁོག་སྟོང་པར་ཤིང་ཏོག་ངང་ལག་ཟ་རྒྱུ་མེད། ངང་ལག་ལ་མའེ་ཕོན་ཆེན་འདུས་པས། གྲོད་ཁོག་སྟོང་པར་ངང་ལག་བཟས་ན་ཁྲག་གི་མའེ་འདུས་ཚད་མཐོ་རུ་ཕྱིན་ནས་སྙིང་ནུས་ལ་ཤུགས་རྐྱེན་བཟོ་གི་ཡོད། གྲོད་ཁོག་སྟོང་པར་ཐང་འབྲས་ཟ་མི་ཉན། ཐང་འབྲས་ནང་དུ་ཕབ་རྒྱུ་ཤུགས་ཆེན་འདུས་པས། གྲོད་ཁོག་སྟོང་པར་ཐང་འབྲས་བཟས་ན་ཕོ་བར་རྨས་སྐྱོན་བཟོ་གི་ཡོད།

    ཚྭ་རྒྱུ་ལ་ཚོད་འཛིན་བྱེད་དགོས་པ།

        དགུན་ཁ་ནི་མཁལ་ནུས་རྒྱས་པའི་དུས་རེད། གལ་ཏེ་ཚྭ་མང་བའི་ཟས་རིགས་མང་པོ་བཟས་ན། མཁལ་མ་རྒྱས་ཤུགས་ཇེ་ཆེར་སོང་ནས་། སྙིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས། སྙིང་འཕར་ཤུགས་ཆུང་དུ་སོང་ལ། མིའི་ལུས་ཁམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།