དབུ་ཤོག
  • དྲོད་ཚད་ཤུགས་ཆེན་ཆག་རྒྱུའི་ཉེན་བརྡ་སྔོན་པོ་བཏང་འདུག

  • ཡོང་ཁུངས།  བོད་ལྗོངས་གནམ་གཤིས།   |     སྤེལ་དུས།  2021-12-23

    བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་2021ལོའི་ཟླ་12ཚེས་22ཉིན་གྱི་ཆུ་ཚོད་12དང་སྐར་མ་20ཡི་ཐོག་དྲོད་ཚད་ཤུགས་ཆེན་ཆག་རྒྱུའི་ཉེན་བརྡ་སྔོན་པོ་བཏང་འདུག

    བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོ་དང་གངས་བབས་པའི་རྐྱེན་གྱིས་སྔོན་དཔག་བྱས་པར་གཞིགས་ན།  ཟླ་12ཚེས་22ཉིན་གྱི་ཆུ་ཚོད་14ནས་ཚེས་24ཉིན་གྱི་ཆུ་ཚོད་08བར་རང་ལྗོངས་ཀྱི་ནུབ་ནས་ཤར་དུ་རིམ་བཞིན་དྲོད་ཚད་ཆག་པའི་གནམ་གཤིས་བསྟན་རྒྱུ་དང་།  དེའི་ནང་ནས་ཚེས་22ཉིན་གྱི་ཆུ་ཚོད་14ནས་ཚེས་23ཉིན་གྱི་ཆུ་ཚོད་14བར་མངའ་རིས་ཀྱི་བྱང་ཤར་རྒྱུད་དང་།  ནག་ཆུའི་དབུས་ནུབ་རྒྱུད།  གཞིས་རྩེ་བཅས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་6ནས་12བར་ཆག་རྒྱུ་དང་། ཚེས་22ཉིན་གྱི་ཆུ་ཚོད་20ནས་ཚེས་23ཉིན་གྱི་ཆུ་ཚོད་20བར་ལྷ་ས་དང་ལྷོ་ཁར་དྲོད་ཚད་ཧྲེ་ཧྲི་ཏུའུ་5ནས་10བར་ཆག་རྒྱུ། ཚེས་23ཉིན་གྱི་ཆུ་ཚོད་08ནས་ཚེས་24ཉིན་གྱི་ཆུ་ཚོད་08བར་ནག་ཆུའི་ཤར་རྒྱུད་དང་།  ཆབ་མདོ།  ཉིང་ཁྲི་བཅས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་ཡིན་པ་རེད།

    དྲན་སྐུལ་ཞུ་རྒྱུར།

    1.མིག་སྔར་མངའ་རིས་དང་ནག་ཆུར་གངས་གསོག་ཐེབས་ཡོད་པས། ད་ཐེངས་དྲོད་ཚད་ཆག་པ་ལས་གངས་བཞུ་ཁག་པོ་ཡོད།  དེར་བརྟེན། འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་པ་དང་།  འབྲོག་ཁུལ་དུ་ཕྱུགས་རིགས་ཀྱི་གྲང་འགོག་དྲོད་སྲུང་གི་ལས་ཀ་ཡག་པོ་བྱེད་དགོས།

    2. དྲོད་ཚད་ཆག་པ་ལས་གྲོང་ཁྱེར་གྱི་ཆུ་གློག་སྒྲིག་ཆས་དང་མང་ཚོགས་ཀྱི་འཚོ་བ་སོགས་ལ་ཤུགས་རྐྱེན་ཐེབས་སྲིད་པས། འགོག་སྲུང་ལ་དོ་སྣང་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།