ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར(གཤམ་དུ“ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭ”ཞེས་བསྡུ་རྒྱུ)ཁྱོན་དགེ་སློབ་5700ལྷག་ཙམ་ཡོད་པ་ལས་བོད་རིགས་དང་། རྒྱ་རིགས། ཧུད་རིགས། པའེ་རིགས། དབྱིས་རིགས་སོགས་མི་རིགས་23ཡོད་པ་དང་། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ”དང“ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། མི་8ལ་སྔ་རྗེས་སུ“རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”དང“ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”སོཌ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མཐུན་སྒྲིལ་འབད་འབུངས་གྲུབ་འབྲས་རྩེ་གྲ་གཏོད། ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ཧོ་ནན་ཤིན་ཤང་ནས་ཡིན་པའི་2020ལོའི་དབྱིན་ཡིག་ཆེད་ལས་འཛིན་གྲྭ་གསུམ་པའི་སློབ་མ་ཀོན་ཡན་གྱིས་རང་ཉིད་ཀྱི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་བྱས་ཤིང་། ཁོང་གིས“ང་བོད་ལ་དགའ་པོ་ཡོད་པས་འདིར་ཡིག་རྒྱུགས་བཏང་བ་ཡིན། བོད་ཀྱི་རིག་གནས་ལ་སྔར་བས་ཤེས་རྟོགས་བྱེད་འདོད་ཡོད་པར་བརྟེན། བོད་རིགས་སློབ་གྲོགས་དང་རྒན་ལགས་དང་མཉམ་དུ་བོད་སྐད་དང་བོད་ཡིག་ཡིག་གཟུགས་སྦྱངས་པ་ཡིན། སློབ་གྲྭ་ཐོན་རྗེས་མཛེས་སྡུག་ལྡན་པའི་གངས་ལྗོངས་ས་མཐོར་བསྡད་ནས་འདི་གའི་གཞི་རིམ་སློབ་ཆུང་གི་སློབ་ཁྲིད་ལས་དོན་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད”ཅེས་བཤད།
ཉེ་བའི་ལོ་ཤས་རིང་ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་རྩ་བའི་ཐབས་ལམ་དུ་བརྩི་བ། “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི”ལས་ཀའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ”མཐའ་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་དགེ་སློབ་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ལས་ཀའི་རྨང་གཞི་བརྟན་པོ་བཙུགས་ནས་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
ཐོན་མདའ་གྲོང་ཚོར་བཅའ་སྡོད་ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭའི་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་ཆོས་སྐྱིད་ཀྱིས་བུད་མེད་ཀྱི་མཚན་མོའི་སློབ་གྲྭར་གྲོང་ཚོའི་བུད་མེད་མང་ཚོགས་15ལ་བོད་རྒྱ“སྐད་གཉིས”ཀྱི་གསོ་སྦྱོང་བྱེད་བཞིན་ཡོད་པ་དང་། ཁོང་གིས་མང་ཚོགས་ཀྱིས་མཐོང་འདོད་ལ་ཉན་སྤྲོ་བ་དང་། དང་ལེན་བྱེད་བདེ་བ། གོ་བདེ་ཤེས་སླ་བཅས་ཀྱི་བྱེད་སྟངས་སྤྱད་ནས་ཞིང་འབྲོག་པའི་བུད་མེད་ལ་ཏང་གི་དམངས་ཕན་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ། བདེ་ཐང་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་པའི་བུད་མེད་ལ་བོད་རྒྱ“སྐད་གཉིས”ཁོང་དུ་ཡག་པོ་ཆུད་པ་དང་། སྐད་རིགས་གཉིས་ནས་སྤེལ་རེས་དང་ལྟ་ཀློག་བྱེད་པར་རོགས་རམ་ནུས་ལྡན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭས་ཏང་གི་སློབ་ཚན་འཁྲིད་པ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལ་ཞུགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་བ་མ་ཟད། ད་དུང་སྐད་འཕྲིན་སྤྱི་རྟགས་དང་། སློབ་གྲྭའི་དྲ་རྒྱ། རླུང་འཕྲིན་ས་ཚིགས། འཛིན་གྲྭའི་ནག་པང་གསར་འགྱུར། དྲིལ་བསྒྲགས་ཀྱི་ཤེལ་སྒྲོམ་སོགས་དྲ་ཐོག་དང་དྲ་ཕྱིའི་ལས་སྟེགས་སྤྱད་དེ“མེས་རྒྱས་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན”སོགས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སྦྱར་ཡིག་རྟག་ཏུ་གཤོམ་པ་མ་ཟད། དྲིལ་བསྒྲགས་ཀྱི་འཕྲེད་ཡིག་ཀྱང་བཀལ་ནས་སློབ་གྲྭའི་དགེ་སློབ་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།
ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭའི་ཆབ་སྲིད་ལས་དོན་གྱི་མི་དོན་ཁྲུའི་ཁྲུའུ་ཀྲང་དབྱི་ལི་ཕིང་གིས། མཐོང་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་དགེ་སློབ་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་རིམ་སྤེལ་བྱེད་སྒོ་སྤེལ་བ་དང་། བསམ་བློའི་སློབ་གསོ་ལག་ལེན་བྱེད་སྒོར་མཉམ་འདྲེས་ཐུབ་པར་བྱས་ནས་ལག་ལེན་བྱེད་སྒོར་དགེ་སློབ་ཀྱི་བསམ་བློའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་ནི་ཧ་ཅང་དགོས་གལ་ཆེན་པོ་ཞིག་རེད། དེར་བརྟེན་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། མེས་རྒྱལ་དང་རང་རྟོགས་ངང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་གཅེས་ཀྱི་བརྩེ་སེམས་དང་རྒྱལ་ཁབ་ལ་དྲིན་གཟོ་བའི་ཕུགས་འདུན་དེ་མེས་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་རླབས་ཆེན་བྱ་གཞག་དང་མཉམ་འདྲེས་དང་། མི་དམངས་ཀྱིས་ལོ་རྒྱུས་གཏོད་པའི་རླབས་ཆེན་གྱི་འབད་འཐབ་དང་མཉམ་འདྲེས། མི་སྒེར་གྱི་བྱ་སྤྱོད་དངོས་དང་མཉམ་འདྲེས་བཅས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།