དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གཅེས་པར་བསྐྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-20

    ནག་ཆུ་གྲོང་ཁྱེར་པིན་ཧོ་ལམ་དུ་གནས་པའི་དར་ཆ་ལྷ་མོ་གྲོང་ལྷན་ནི་དུད་ཚང་964དང་མི་གྲངས་4293ཡོད་པའི་ཁྱིམ་ཚང་ཆེན་པོ་ཞིག་རེད། དེ་གར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་སོགས་མི་རིགས་ཁག་གི་མང་ཚོགས་ཡུན་རིང་འཚོ་བ་སྐྱེལ་གྱི་ཡོད། ལོ་མང་རིང་། ནག་ཆུ་གྲོང་རྡལ་དར་ཆ་ལྷ་མོ་གྲོང་ལྷན་གྱིས་ལས་ཀའི་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་བྱེད་པ་དང་། ལས་ཀའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་ལས་དོན་དང་མི་རིགས་ཁག་གི་མང་ཚོགས་བར་གྱི་བསམ་བློ་གཏོང་ས་དང་། བརྩེ་སེམས་ཆགས་ས། ཁེ་ཕན་གནས་ས་བཅས་ཀྱི་མཐུན་པའི་ཆ་འཚོལ་ཞིབ་ཡང་དག་བྱེད་པ། རྣམ་པ་སྣ་ཚོགས་ལ་བརྟེན་ནས་སྒྲོག་འགྲེལ་དང་དར་སྤེལ་གཏོང་བ། ལས་སྟེགས་མང་པོར་བརྟེན་ནས་ཞབས་འདེགས་ཞུ་བ། ཕྱོགས་མང་པོའི་ཐད་ནས་སེམས་ཁྲལ་སེལ་བ། མཐུན་འབྲེལ་མང་པོར་བརྟེན་ནས་བརྩེ་སེམས་མཉམ་འདྲེས་བྱེད་པ་བཅས་ཀྱི“མང་པོ་བཞི”ཡི་ལས་ཀའི་བྱེད་ཐབས་སྤྱད་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ཏེ། མི་རིགས་མཐུན་སྒྲིལ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ནས་མི་རིགས་མི་འདྲ་བའི་གྲོང་མི་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བརྩེ་སེམས་ལྡན་པའི་སྡེ་ཁུལ་ཞིག་བསྐྲུན་པ་རེད།

    འདི་ལོ་ལོ་48ལ་སླེབས་པའི་ཧུད་རིགས་མང་ཚོགས་མཱ་ཁོ་ལི་ལོ་ཀན་སུའུ་ཞིང་ཆེན་ནས་ཡིན་ཞིང་། ལོ་20ལ་སླེབས་སྐབས་ནང་མི་ཚང་མ་ནག་ཆུར་བསྐྱོད་ནས་དར་ཆ་ལྷ་མོ་སྡེ་ཁུལ་དུ་གཞིས་ཆགས་ཏེ་མི་རིགས་མང་བའི་ཁྱིམ་ཚང་ཆེན་པོ་དེའི་ཁོངས་མིར་གྱུར། 1998ལོར་མཱ་ཁོ་ལི་ལོས་ནག་ཆུར་ཟ་ཁང་ཆུང་ཆུང་ཞིག་བཙུགས་པ་དང་གཉེར་སྐྱོང་ཡག་པོ་མ་བྱུང་བའི་དབང་གིས་ཟ་ཁང་བཙུགས་ནས་ལོ་གཉིས་མ་སོང་བར་སྒོ་རྒྱག་དགོས་འཁེལ། 2000ལོར་མཱ་ཁོ་ལི་ལོས་ནག་ཆུའི་སྦག་སྦག་ཉམས་བཟོའི་ཚོང་ལམ་ལ་མདུན་ལམ་ཡག་པོ་ཡོད་པ་ཤེས་རྗེས། ས་གནས་དེ་གའི་སྦག་སྦག་ཉམས་བཟོ་བ་ཚེ་རིང་རྡོ་རྗེའི་འགྲམ་ནས་སྦག་སྦག་ཉམས་བཟོའི་ལག་རྩལ་སྦྱངས་པ་རེད། སྐབས་དེར་ཟ་ཁང་གི་མ་རྩ་བརྡིབས་པས་སྐབས་ཤིག་རིང་མཱ་ཁོ་ལི་ལོའི་འཚོ་བ་ཁང་གླ་ཡང་སྤྲོད་མི་ཐུབ་པའི་དཀའ་ཚེགས་ཆེ་བའི་གནས་སུ་གྱར། ཚེ་རིང་རྡོ་རྗེས་གནས་ཚུལ་དེ་ཤེས་རྗེས་མཱ་ཁོ་ལི་ལོའི་ནང་མི་ཚང་མ་ཚོང་ཁང་གི་ཐོག་སོ་གཉིས་པར་ཁང་གླ་མི་དགོས་པར་སྡོད་དུ་བཅུག་པ་རེད། ཚེ་རིང་རྡོ་རྗེའི་རོགས་རམ་འོག མཱ་ཁོ་ལི་ལོའི་ཕྱོགས་གང་སར་འགྱུར་ལྡོག་མགྱོགས་པོ་བྱུང་ནས། 2005ལོར་སྦག་སྦག་ཉམས་བཟོ་ཁང་ཆུང་ཆུང་ཞིག་བཙུགས་པ་རེད། ཚོང་ཁང་སྒོ་ཕྱེ་མ་ཐག་པའི་སྐབས་སུ། ཚེ་རིང་རྡོ་རྗེས་མཱ་ཁོ་ལི་ལོ་གཅིག་པུས་གཅོག་ཨེ་ཡོང་སྙམ་ནས་ཁོམ་པ་བཙལ་ཏེ་མཱ་ཁོ་ལི་ལོའི་ཉམས་བཟོ་ཁང་དུ་རོཌ་པ་བྱེད་པར་འགྲོ་གི་ཡོད།

    སྒོ་ཕྱེ་མ་ཐག་པའི་སྦག་སྦག་ཉམས་བཟོ་ཁང་གི་ཁེ་སྤོགས་ཀྱིས་ཁང་གླ་སྤྲོད་ཐུབ་པ་ཙམ་ལས་སྤྱིར་བཏང་བྱས་ན་སྦག་སྦག་གི་ལྷུ་ལག་ཉོ་བྱེད་ཀྱང་ལྷག་གི་མེད། གནས་ཚུལ་དེ་ཤེས་རྗེས། ཉེ་འགྲམ་གྱི་སྦག་སྦག་བཟོ་མཁན་བོད་རིགས་སྤུན་ཟླས་མཱ་ཁོ་ལི་ལོར་ལྷུ་ལག་དགོས་ཚེ་སྔོན་ལ་ཁོ་པའི་ཚོང་ཁང་ནས་བླངས་ཏེ་མཇུག་ཏུ་དངུལ་སྤྲད་ན་འགྲིག་གི་རེད་ཅེས་སེམས་རྩ་འཁོལ་པོས་བརྗོད་ཀྱི་ཡོད། ཕྱིས་སུ་མཱ་ཁོ་ལི་ལོས་ཁྱིམ་མཚེས་ཚོང་ཁང་དེ་དག་དབར་ཕན་ཚུན་རོགས་རེས་བྱེད་པའི་སྣང་ཚུལ་ཡང་སེ་མཐོང་གི་ཡོད། དེ་ཙམ་མ་ཚད། ཁྱིམ་མཚེས་ཚོང་ཁང་སུ་ལ་དཀའ་ངལ་ཕྲད་ཀྱང་། ཚང་མས་ཁྱིམ་ཚང་གཅིག་ལྟར་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད།

    དེ་སྔའི་སྦག་སྦག་ཉམས་བཟོ་ཁང་ཐབས་ཆག་དེ་ད་ལྟ་གཙང་སྦྲ་ལྡན་པའི་ཚོང་ཁང་གསར་པ་ཞིག་ཏུ་གྱུར་ཡོད། ཚང་མས་དེ་གར་མི་རིགས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་ཁྱིམ་ཚང་གཅིག་ལྟར་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད།

    ཡུན་ནན་ནས་ཡིན་པའི་ཡོན་ཏེང་ཞིང་2016ལོར་དར་ཆ་ལྷ་མོ་གྲོང་ལྷན་གྱིས་བཙུགས་པའི་མཉམ་ལས་ཁང་དུ་ས་གནས་དེ་གའི་མང་ཚོགས་ལ་མཉམ་ལས་ཁང་གཉེར་སྐྱོང་གི་འབྲེལ་ཡོད་ཤེས་བྱ་དང་ལག་རྩལ་འཆད་ཁྲིད་བྱེད་པར་གདན་དྲངས་པ་རེད། ཡོན་ཏེང་ཞིང་གིས་མཉམ་ལས་ཁང་དུ་ལས་ཀ་བྱེད་མཁན་ཚང་མ་དར་ཆ་ལྷ་མོ་སྡེ་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། སློབ་གྲྭ་ཐོན་མ་ཐག་པའི་སློབ་ཆེན་སློབ་མ་བཅས་ཡིན་པ་ཤེས་རྗེས། ཚང་མར་ལག་རྩལ་ཡག་པོ་སྦྱངས་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་དགོས་པའི་ཁ་ཏ་བསླབ་བྱ་ཡང་ཡང་བྱེད་ཀྱི་ཡོད། དབུལ་ཕོངས་དང་དཀའ་སྡུག་གི་ཁྲོད་དུ་འཚར་ལོངས་བྱུང་བའི་ཁོང་གིས་མཉམ་ལས་ཁང་གི་ལས་མི་ཚོ་ཡང་བསྐྱར་དབུལ་པོར་འགྱུར་བ་མཐོང་འདོད་བྱེད་ཀྱི་མེད།

    “ད་ལྟ་གླ་ཕོགས་རག་བྱུང་བས་ཁྱེད་ཚོའི་ཁྱིམ་ལ་འཚོ་བའི་མཁོ་ཆས་འགའ་ཉོས་པ་ཡིན” “ཁྱེད་ཚོར་འབྲས་དོ་པོ་གཅིག་དང་ཕྲུ་གུ་ཚོར་ཡིག་ཆས་འགའ་ཉོས་པ་ཡིན”སོགས་ཡོན་ཏེང་ཞིང་གིས་རྟག་ཏུ་མཉམ་ལས་ཁང་གི་ལས་མི་ཚོའི་ཁྱིམ་ཚང་གི་དཀའ་ངལ་ཆུང་ངུའང་སེམས་སུ་འཇོག་པ་དང་འབྲེལ་བྱ་སྤྱོད་དངོས་ལ་བརྟེན་ནས་རོགས་རམ་དང་ཐག་གཅོད་བྱེད་ཀྱི་ཡོད།

    2016ལོར་དར་ཆ་ལྷ་མོ་གྲོང་ལྷན་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཚོ་དང་གྲོང་ལྷན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་སྦྲགས། 2017ལོར་ནག་ཆུ་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལ་བདམས་པ་དང་། 2018ལོར་བོད་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལ་བདམས་པ་རེད།

    དར་ཆ་ལྷ་མོ་གྲོང་ལྷན་གྱི་ཁོངས་གཏོགས་དང་ནག་ཆུ་གསེར་རྙེད་ཆུས་ཀྱི་ས་གཞིར་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོ་སྐྱིད་ལྡན་པའི་རྣམ་པ་དུས་དང་རྣམ་པ་ཀུན་ཏུ་ཐོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།