དབུ་ཤོག>གསར་འགྱུར།
  • “ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ཚན་རིག་ཁྱབ་གདལ་གྱི་འགྲེམས་སྟོན་རྣམ་གྲངས”ཀྱི་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-16

     ཉེ་ཆར“ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ཚན་རིག་ཁྱབ་གདལ་འགྲེམས་སྟོན་རྣམ་གྲངས”ཀྱི་ཞལ་འདེབས་རྒྱག་པའི་མཛད་སྒོ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་དགུ་པས་ཚན་རིག་ཁྱབ་གདལ་འགྲེམས་སྟོན་རྣམ་གྲངས་ཀྱི་འགྲོ་གྲོན་ཁྱོན་སྒོར་ཁྲི་43.34ཞལ་འདེབས་བརྒྱབ་པ་རེད།

    བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཚེ་རིང་ནོར་བུས། “གོམ་སྟབས་རྗེས་མར་ང་ཚོས་ལྗོངས་ཕྱིའི་ཚན་རྩལ་རིགས་ཀྱི་འགྲེམས་ཁང་གི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ཡག་པོ་དཔྱད་གཞིར་བཟུང་ནས་ཚན་རིག་ཁྱབ་གདལ་གྱི་འགྲེམས་སྟོན་རྣམ་གྲངས་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་དང་། དེང་རབས་ཀྱི་ཚན་རིག་ལག་རྩལ་འགྲེམས་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། འགྲེམས་ཁང་གི་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ།‘ཚན་རིག་ཁྱབ་གདལ་ལ་བརྟེན་ནས་བོད་སྐྱོར’གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ཚན་རིག་ཁྱབ་གདལ་བྱ་གཞག་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།