དབུ་ཤོག
  • དགུན་དུས་འཛེམ་དགོས་པའི་ཟས་རིགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-12-08

    ཟས་རིགས་གྲང་མོ་འཛེམ་དགོས།

    འཐུང་བྱ་གྲང་མོ་དང་འཁྱག་ཞོ་སོགས་མང་པོ་འཐུང་མི་རུང་ཞིང་། དེས་ཕོ་བ་དེ་མུར་འཁུམས་ནས་འཇུ་བྱེད་མ་ལག་ལ་གནོད་ཀྱི་ཡོད།

    གྲོད་པ་སྟོང་པར་འཛེམ་དགོས་པའི་ཟས་རིགས།

    གྲོད་པ་སྟོང་པར་ངང་ལག་བཟའ་རྒྱུ་མེད། ངང་ལག་ནང་མའེ་རྒྱུ་སྣ་ཚོགས་འདུས་ཡོད་པས། གྲོད་པ་སྟོང་པར་བཟས་ན་ཁྲག་ནང་གི་མའེ་འདུས་ཚད་མཐོ་རུ་ཕྱིན་ནས་སྙིང་ལ་གནོད་ཀྱི་ཡོད།

    ཚྭ་མང་བའི་ཟས་རིགས་ཚོད་འཛིན་བྱེད་དགོས།

    དགུན་ཁ་ནི་མཁལ་ནུས་གསོ་བའི་དུས་ཡིན། གལ་ཏེ་ཚྭ་མང་བའི་ཟས་རིགས་མང་པོ་བསྟེན་ན། མཁལ་མའི་གནོན་ཤུགས་ཆེ་རུ་འགྲོ་གི་ཡོད་ལ། སྙིང་ལའང་ཕོག་ཐུག་ཆེན་པོ་བྱུང་ནས་སྙིང་གི་འཕར་ཤུགས་ཇེ་ཆུང་དུ་འགྲོ་བ་དང་མིའི་ལུས་ཁམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་བཟོ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།