དབུ་ཤོག>གསར་འགྱུར།
  • ཆུ་བེད་བོད་སྐྱོར་གྱིས་གངས་ལྗོངས་ས་མཐོར་ལས་དོན་འབོར་ཆེན་བསྒྲུབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-12-06

    གངས་ལྗོངས་ས་མཐོར“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་རྗོད་ཀྱི་ཡོད། བོད་དུ་རྒྱུག་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་50ལས་ཆེ་བའི་ཆུ་བོ་ཁྱོན་6418དང་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་4394ཡོད། དེ་གར་ཆུ་བེད་བོད་སྐྱོར་ལས་བྱེད་པ་མང་དག་གཅིག་གིས་ས་མཐོའི་ཁོར་ཡུག་ཁྱད་དུ་བསད་ནས་འགན་འཁྲི་ལྕི་པོ་འཁུར་ཕོད་པའི་ངང་བོད་ཀྱི་ཆུ་བེད་འཕེལ་རྒྱས་ལ་མུ་མཐུད་རོགས་རམ་བྱས་ཏེ་བྱས་རྗེས་བཞག་ཡོད།

    བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཤན་ཀྲུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་ཀྱི་ཆུ་བེད་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་ཤོས་དང་། ཆུ་བེད་ཀྱིས་དམངས་འཚོར་ཕན་ཐོགས་ཆེ་ཤོས་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་དུ་གཏོང་བའི་ཕན་འབྲས་ཡག་ཤོས། གཙང་པོ་དང་མཚོའི་སྐྱེ་ཁམས་ལེགས་སུ་གཏོང་ཤུགས་ཆེ་ཤོས་བཅས་ཀྱི་ལོ་ལྔ་ཡིན་པས། “ལོ་ལྔ་ཚན་བཅུ་བཞི་པ”འགོ་ཚུགས་ལོར་མུ་མཐུད་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། གྲུབ་འབྲས་དེ་དག་ནི་ཆུ་བེད་བོད་སྐྱོར་ལས་བྱེད་པའི་བྱས་རྗེས་ཡིན་པ་སྨོས་ཅི་དགོས་ཞེས་བཤད།

    ལས་གྲྭ་འཛུགས་སྐྲུན་ཐད། “ཆུ་བེད་ཀྱི་མུ་ཏིག”ལ་བརྟེན་ནས་དམངས་འཚོར་ཕན་པ་བཏགས་པ།

    བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་འཛུགས་སྐྲུན་དང་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲང་ཧའེ་ཅུན་འཕྲད་ས་ནི་ས་བབ་སྨི་4100ཟིན་པའི་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭའི་ལས་ཡུལ་དུ་རེད། ལོ་5ཡི་གོང་ཁོང་གིས་ཆུ་བེད་པུའི་ཞའོ་ལང་ཏི་ཆུ་བེད་ལྟེ་བའི་དོ་དམ་ལྟེ་གནས་ནས་བོད་སྐྱོར་ལ་སླེབས་པ་དང་ད་ཆ་བོད་ཀྱི་གྲོང་ཁྱེར(ས་ཁུལ)ཡོངས་ཀྱི་རྫོང(ཆུས)60ལྷག་ཙམ་གྱི་ཆུ་བེད་ལས་ཡུལ་ཚང་མར་སྐྱོད་མྱོང་ཡོད།

    “ད་ཐེངས་ང་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭའི་ལས་ཡུལ་དངོས་སུ་སྐྱོད་ཐེངས་21པ་དེ་ཡིན། 2019ལོའི་ཟླ་4པར་ལས་འགོ་ཚུགས་པ་དང་2020ལོའི་ཟླ་2པར་ཆུ་འགོག་པ་དང་ཆུ་རགས་གཙོ་བོ་སྐྲུན་འགོ་ཚུགས་པ་ནས་ད་ཆ་ཆུ་རགས་ཀྱི་རྩེ་མོར་སླེབས་པའི་བར་འཛུགས་སྐྲུན་དཔུང་ཁག་གིས་དགུན་དུས་ཀྱི་དྲོད་ཚད་དམའ་ལ་གསོ་རླུང་དཀོན་པ་སོགས་ཀྱི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་དེ་ནུས་ཤུགས་ཡོད་རྒུས་དུས་སང་ལོ་ཆུ་སྒོ་བརྒྱབ་ནས་ཆུ་གསོག་ཐུབ་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་ཀྲང་ཧའེ་ཅུན་གྱིས་བཤད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཁོངས་སུ་གནས་པའི་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭ་དང་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ཁོངས་སུ་གནས་པའི་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭ་ནི་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ལས་གྲྭ་གལ་ཆེན་172ཁྲོད་ཀྱི་ས་བབ་མཐོ་ཤོས་ཀྱི་ལས་གྲྭ་གཉིས་རེད།

    ཀྲང་ཧའེ་ཅུན་གྱིས“2016ལོའི་ཟླ་7པར་བོད་དུ་ལས་ཀ་བྱེད་པར་སླེབས་ནས་ཉིན་ཤས་མ་སོང་བར་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭའི་ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པར་བསྐྱོད་པ་ཡིན། དེ་རྗེས་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭའི་འཐབ་ཕྱོགས་དང་པོར་ཐེངས་30ལྷག་ཙམ་བསྐྱོད་དེ་ལས་གྲྭའི་ལག་རྩལ་གྱི་གནད་དོན་གལ་ཆེན་ལ་བགྲོ་གླེང་དང་དུས་མཚམས་ཀྱི་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལས་དོན་ལ་ཞུགས་པ་ཡིན། ད་ཆ་བོད་ཀྱི་ཆུ་བེད་འཕེལ་རྒྱས་ལོ་རྒྱུས་ཐོག་མ་དངུལ་འཇོག་ཚད་མང་ཤོས་ཀྱི་ཆུ་བེད་ལས་གྲྭ་དེར་ཞིང་ཆུ་འདྲེན་པ་དང་། ཆུ་ལོག་སྔོན་འགོག གློག་གཏོང་། སྐྱེ་ཁམས་སོགས་ཕྱོགས་བསྡུས་ཕན་འབྲས་བརྟན་པོའི་ངང་ཐོན་བཞིན་ཡོད”ཅེས་བཤད།

    ཀྲང་ཧའེ་ཅུན་གྱིས་གངས་ལྗོངས་ས་མཐོའི“ཆུ་བེད་ཀྱི་མུ་ཏིག”ལ་ཞུགས་ནས་འོད་སྟོང་འཕྲོ་བ་དང་དམངས་འཚོར་ཕན་པ་ཐོགས་པར་སྤོབས་པ་ཆེན་པོ་སྐྱེ་གི་འདུག་ཅེས་བཤད།

    བསྡོམས་རྩིས་ལས་མངོན་པར། བོད་ཀྱི་ཆུ་བེད་འཛུགས་སྐྲུན་གྱི་འཕེལ་རིམ་ཐད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་346བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལས་52%འཕར་ཡོད། ཆུ་བེད་ལས་གྲྭ་འབོར་ཆེན་ཞིག་བསྐྲུན་ནས་ཕན་འབྲས་ཐོན་པ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཆུ་བེད་ཀྱི་འགན་ལེན་བྱས་ཡོད།

    གྲོང་གསེབ་ཀྱི་འཐུང་ཆུའི་ཐད། དྭངས་གཙང་གི་ཆུ་བོ་བོད་ཁྱིམ་དུ་སྤྱོད་པ།

    བོད་ཀྱི་ཞིང་འབྲོག་ཁུལ་ཁག་གཅིག་ཏུ་ཆུ་མཁོ་འདོན་ལས་གྲྭ་མ་བསྐྲུན་གོང་། ཞིང་འབྲོག་པ་གཙང་པོ་ནས་ཆུ་ལེན་པ་དང་འཁྱག་པ་བརྟོལ་ནས་ཆུ་ལེན་པ་སོགས་མཐོང་རྒྱུ་ཡོད། ཆུ་བེད་པུའི་གྲོང་གསེབ་ཆུ་བེད་ཆུ་གློག་སིའི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཀྲོའུ་ཧྲོང་གིས་བོད་ཀྱི་ཞིང་འབྲོག་པ་ཁག་གཅིག་གི་འཐུང་ཆུའི་དཀའ་ངལ་ཤེས་རྗེས། རང་འགུལ་ངང་བོད་སྐྱོར་རེ་འདུན་ཞུས་པ་རེད།

    ཀྲོའུ་ཧྲོང་ནག་ཆུ་དང་། མངའ་རིས། གཞིས་རྩེ་བཅས་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་བརྟག་ཞིབ་བྱེད་པར་ཐེངས་20ལྷག་ཙམ་སྐྱོད་མྱོང་ཡོད། ཁོང་དང་ལས་རོགས་ཚོའི་འབད་བརྩོན་འོག་བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་གནད་དོན་ལོ་གཅིག་གི་གོང་ནས་ཚང་མ་ཐག་གཅོད་ཐུབ་པ་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་རིམ་སྤོར་ལས་གྲྭའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལས་འགན་ཁྱོན་ཡོངས་ནས་ཚད་བརྒལ་ལེགས་སྒྲུབ་ཟིན་པ་རེད།

    “བོད་སྐྱོར་མཇུག་འགྲིལ་བར་ལོ་གཅིག་ཀྱང་མེད་པས། ངས་གཅེས་སྤྲས་ལྡབ་བརྒྱ་དང་ལས་ཀ་ཧུར་ཐག་བྱས་ནས་དྭངས་གཙང་གི་ཆུ་བོ་བོད་ཁྱིམ་དུ་སྤྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་ཀྲོའུ་ཧྲོང་གིས་བཤད།

    བསྡོམས་རྩིས་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆུ་བེད་ཀྱིས་བོད་ཀྱི་དམངས་འཚོར་ཕན་ཐོགས་གང་ཐུབ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་50.6བཏང་བ། འཐུང་ཆུའི་ལས་གྲྭ་ཁག་ཁྲི་1.75ལྷག་ཙམ་ལག་བསྟར་བྱས་པ། ཞིང་འབྲོག་པ་ཁྲི་203གྱི་འཐུང་ཆུའི་བདེ་འཇགས་དང་སྤུས་ཚད་ལེགས་སུ་བཏང་ཡོད།

    ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཐད། ཆུ་ལོག་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོང་ལ་ཞུགས་པ།

    ཀྲོའུ་ཧྲོང་དང་མཉམ་དུ་བོད་དུ་སླེབས་པའི་ཧོའེ་ཧོ་ཆུ་བོའི་ཆུ་བེད་ཨུ་ཡོན་ལྷན་ཁང་ཆུ་དཔྱད་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་ཧུང་ཡུས་ཀྱིས་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཐན་ཞོད་གནོད་འཚེ་འགོག་སྲུང་ཁྲུའི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར་ཏེ་ཞོད་ཟོན་ཐན་འགོག་གི་ལས་ལ་གཞོལ་བ་རེད།

    ལོ་གཉིས་ལྷག་ཙམ་རིང་ཁྲེན་ཧུང་ཡུས་ཀྱིས་འབྲུབ་འགོག་ཆུ་འགོག་གི་གྲོས་མོལ་ཐེངས་བཅུ་ཕྲག་ཁ་ཤས་གཙོ་སྐྱོང་བྱས་ཞུགས་ནས་ཆུ་མཛོད་ཀྱི་འབྲུབ་ཆུ་འགོག་པ་དང་། ཚད་གཞི་ལས་བརྒལ་བའི་ཆུ་ལོག་དང་ཤྭ་འོད་ཀྱི་གནོད་འཚེ་འགོག་པ་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་ཆབས་ཅིག རང་སྐྱོང་ལྗོངས་ཀྱི་ཆུ་སྐྱོན་དང་ཐན་སྐྱོན་གྱི་ཉེན་ཁ་ཡོངས་བཤེར་ལས་དོན་ཐེངས་དང་པོ་སྤེལ་འགན་ཁུར་ནས་མཚོ་808ཀྱི་གང་སར་ཁྱབ་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་རེད།

    བསྡོམས་རྩིས་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཡར་ཀླུང་གཙང་པོའི་ཆུ་གཞུང་ལ་ལོ་50རེར་ཐེངས་རེ་འཕྲད་པའི་ཆུ་ལོག་ཆེན་པོ་དང་། འབྲི་ཆུའི་ཆབ་མདོའི་པེ་ཀི་དུམ་བུ། ཡར་ཀླུང་གཙང་པོའི་ཉིང་ཁྲིའི་རྒྱ་ལྷ་དུམ་བུ་བཅས་ཀྱི་རི་ཉིལ་བའི་གནས་ཚུལ་བཞི་བསྟུད་མར་ཐོན་པ་ལས་ཆགས་པའི་འཁྱིལ་མཚོ་སོགས་གནོད་འཚེའི་ཉེན་ཁའི་གནས་ཚུལ་བདེ་བླག་ངང་ཐག་གཅོད་བྱས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ལས་མི་ཤི་རྨས་མི་ཡོང་བར་བྱས་པ་རེད།

    གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར། 1991ལོར་ཆུ་བེད་བོད་སྐྱོར་ལས་དོན་ཚོགས་ཆུང་ཐོག་མར་མངགས་པ་དང་ལོ་30ཡི་རིང་། ཆུ་བེད་པུས་དུས་ཐེངས་14ལ་བོད་སྐྱོར་ལས་བྱེད་པ་ཁྱོན་300ལྷག་ཙམ་མངགས་ཡོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།