དབུ་ཤོག>གསར་འགྱུར།
  • ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་མཚོན་པའི་མཐུན་སྒྲིལ་མོག་མོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-05

    འབའ་ཐང་བས་དུས་ཆེན་གཏོང་སྐབས་ཁྱིམ་ཚང་ཚང་མས“མཐུན་སྒྲིལ་མོག་མོག”བཟོ་གི་ཡོད། ཉེ་ཆར། འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་ཧོ་ཤིས་ཀེ་ཉེ་གྲོང་ཚོའི་གྲོང་མི་ལིའུ་ཡིའུ་ཀྲེན་གྱིས་མཐུན་སྒྲིལ་མོག་མོག་བཟོས་ནས་ཁྲེང་ཏུའུ་རུ་ལུས་པོ་གསོ་བཞིན་པའི་རང་ཉིད་ཀྱི་པ་ཕར་སྐྱེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག

    ལིའུ་ཡིའུ་ཀྲེན་གྱི་པ་ཕ་ལིའུ་ཏེན་ཆིང་ནི་ཧོ་ནན་ནས་ཡིན་པ་དང་། ལོ་71གོང་དུ་ཁོང་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཞིག་ཡིན་ཞིང་། སྐབས་དེ་དུས་བོད་དུ་རྒྱལ་ལམ་318བསྐྲུན་པར་ཡོང་སྟེ་དུས་དེ་ནས་བཟུང་འབའ་ཐང་དུ་གཞིས་ཆགས། “མཐུན་སྒྲིལ་མོག་མོག་ནི་བོད་རྒྱ་མཐུན་སྒྲིལ་གྱི་མཚོན་རྟགས་ཤིག་ཡིན་པ་དང་། འབའ་ཐང་དུ་དམག་སྡེ་བཅོ་བརྒྱད་པར་དཀའ་ངལ་ཆེ་ཤོས་འཕྲད་དུས་སུ་མི་སེར་ཚོས་ང་ཚོར་མོག་མོག་འདི་བཟོས་བྱུང”ཞེས་འདི་ལོ་ལོ་93ལ་སླེབས་པའི་ལིའུ་ཏེན་ཆིང་གིས་མཐུན་སྒྲིལ་མོག་མོག་སྐོར་གླེང་སྐབས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད། 

    “མཐུན་སྒྲིལ་མོག་མོག་ཅེས་པའི་མིང་ཐོགས་དོན་ནི་བོད་རྒྱ་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཏམ་རྒྱུད་དང་འབྲེལ་བ་ཡོད་པས་རེད”ཅེས་ལིའུ་ཡིའུ་ཀྲེན་གྱིས་བཤད།

    1950ལོའི་ཟླ་6པའི་ཟླ་མཇུག་ཏུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལྷོ་ལམ་གྱི་སྔོན་སྐྱོད་ཉིང་ལག་རུ་ཁག་འབའ་ཐང་དུ་འབྱོར། ས་ཆ་གང་དུ་སླེབས་ནའང་སྒྲིག་ཁྲིམས་ནན་ཞིང་གནོད་པ་སྤུ་ཙམ་ཡང་སྐྱེལ་གྱི་མེད་པའི་དམག་དཔུང་ཡག་པོ་དེ་འདྲ་མི་སེར་ཚོས་དེ་སྔོན་མཐོང་མྱོང་མེད་པས་ཁོང་ཚོར“བཅིངས་འགྲོལ་དམག་མི”ཞེས་འབོད། ས་གནས་དེ་གའི་རྫོང་ལས་དོན་ཨུ་ལྷན་དང་རྫོང་དམག་དོན་འཐུས་མིའི་དོན་གཅོད་ཁྲུའུ་ཡིས་བོད་ཤར་དམངས་གཙོ་གཞོན་ནུའི་མནའ་མཐུན་གྱི་ཁོངས་མི་དང་། སློབ་ཆུང་སློབ་མ། མི་དམངས་མང་ཚོགས། དགོན་སྡེའི་དགེ་འདུན་པ་སོགས་མི་བརྒྱ་གྲངས་སྒྲིག་འཛུགས་བྱས་ནས་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་མ་ཟད། འབའ་ཐང་བས་རྩ་ཆེའི་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་གོམས་སྲོལ་ལྟར་ཤ་བཙོས་ནས་དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་ལ་གསོལ་སྟོན་བཤམས་པ་རེད།

    “དམག་དཔུང་ལ་མི་མང་བ་མ་ཟད་ཚང་མ་ཕོ་གཞོན་ཤ་སྟག་རེད། ཁྱིམ་ཚང་ཕལ་པའི་ཤ་བཙོ་སའི་མོག་ཕྲུ་ཆུང་ལ། ཤ་མང་པོ་བཙོ་ཐུབ་ཀྱི་མེད་པས་སྤྱང་གྲུང་ལྡན་པའི་མི་སེར་ཚོས་མོག་ཕྲུ་ཆེ་བ་ཞིག་གཡར་ནས་མོག་མོག་བཟོས་པར་མི་མང་པོ་ཞིག་གྲོད་པ་རྒྱགས་ཀྱི་ཡོད”ཅེས་རྒད་པོ་ལིའུ་ཏེན་ཆིང་གིས་བརྗོད། ཁོང་གིས་སྐབས་དེ་དུས་བྲོ་བ་ཆེ་བའི་མོག་མོག་ཆེན་པོ་དེ་དང་། དེ་བཞིན་ཞོག་ཁོག་དང་། རྩིབ་ཤ། བག་ལེབ་བཅས་དམག་དམངས་ཚོས་མཉམ་ཟ་མཉམ་འཐུང་བྱས་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད། 

    དེ་རྗེས་བརྗེད་པར་དཀའ་བའི་ཐུག་འཕྲད་དེར་དྲན་གསོ་ཞུ་བ་དང་བོད་རྒྱ་མཐུན་སྒྲིལ་དང་དམག་དམངས་སེམས་པ་གཅིག་མཐུན་གྱི་རྣམ་པ་མཚོན་པར་བྱ་ཆེད། འབའ་ཐང་མི་དམངས་ཀྱིས་མོག་མོག་ཆེན་པོ་དེར“མཐུན་སྒྲིལ་མོག་མོག”ཅེས་འབོད་ཀྱི་ཡོད།

    དུས་ཚོད་ཀྱི་འཕོ་འགྱུར་དང་བསྟུན་ནས་མི་སེར་ཚོས་མཐུན་སྒྲིལ་མོག་མོག་ལ་སྔར་བཞིན་དགའ་པོ་བྱེད་ཀྱི་ཡོད། ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་རིམ་བཞིན་འབའ་ཐང་བས་མཐུན་སྒྲིལ་མོག་མོག་བཟོས་ནས་མཉམ་འཛོམས་ཡོང་བ་མཚོན་པར་བྱེད་པ་དང་འབྲེལ་དམག་སྡེ་བཅོ་བརྒྱད་པར་དྲན་གསོ་ཞུ་གི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།