དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས་ཏང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-26

    1305274_yis_1637251200000_s.jpg

    འདི་ནི་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས“ནམ་ཡང་ཏང་གི་རྗེས་སུ་འབྲངས། རྒྱང་སྐྱོད་ལམ་བུ་གསར་པར་འབད་འབུངས་ཆེན་པོས་མདུན་དུ་སྐྱོད”ཅེས་པའི་གསར་བརྗེའི་གླུ་གཞས་འགྲན་བསྡུར་བྱེད་པ།

    འདི་ལོ་ཚུན་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་གཏོང་ཀུང་སིས“ཚན་ཁག་སྟོབས་ཆེ་དང་། དོ་དམ་ནན་པ། བྱེད་ཐབས་ལ་སྣང་ཆེན”བཅས་དམ་འཛིན་བྱ་གཞིར་བྱས་ནས་ཏང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཀུང་སི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་པ་རེད།

    ཚན་ཁག་སྟོབས་ཆེར་བཏང་སྟེ་ཏང་འཛུགས་སྐྱོང་ལས་དོན་གྱི་སྣེ་འདྲེན་པ་བཏོད་ཅིང་། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུཌ་ལག་བསྟར་ནན་ཏན་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་སོགས་འགོ་ཁྲིད་ཚོགས་ཆུང་9དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་། ཀྲི་པུའུ་ཨུ་ལྷན་གྱི་ཁོངས་མི་3ལེགས་སྒྲིག་བྱས་པ། རྫོང་དང་ཀུང་སིའི་ཏང་ཀྲི་པུའུ་9ཡི་སྐབས་བརྗེའི་ལས་དོན་ལེགས་སྒྲུབ་བྱས་པ། ཀུང་སིའི་ཏང་ཀྲི་པུའུ་11གི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་བ་བཅས་དང་། ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2021ལོ་འཁོར་གྱི་སློབ་སྦྱོང་འཆར་གཞི་བཟོས་ནས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཐེངས་8བྱས་པ་དང་མི་ཐེངས་17གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    དོ་དམ་ནན་པོ་བྱས་ནས་ཏང་འཛུགས་སྐྱོང་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དོན་འཁྱོལ་ནན་པོ་དང་། ཀྲི་པུའི“དེབ་གསུམ་དང་སྒམ་དྲུག་ལག་ཁྱེར་གཅིག”ཚད་ལྡན་བཟོས་ཏེ་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ཏང་འཛུགས་སྐྱོང་གི་ཕྱོགས་བསྡུས་མ་ལག་ཕབ་འཇུག་ལས་ཀ་ལེགས་སྒྲུབ་བྱས་པ་དང་། ཏང་འཛུགས་སྐྱོང་གི་དཔྱད་བསྡུར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཀྲི་པུའུ་ཡི་ཏང་འཛུགས་སྐྱོང་ལས་དོན་ལ་ཞིབ་བཤེར་བྱེད་པའི་ཇུས་གཞི་དོན་འཁྱོལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཏང་ཀྲི་པུའུ་5ཡི་ལྟ་སྐུལ་ཞིབ་བཤེར་ལས་དོན་ལེགས་སྒྲུབ་བྱས་པ་དང་གནད་དོན་གསལ་ཐོ་16བཏོན་པ་དང་འབྲེལ། དུས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ། ཏང་ཡོན་གྱི་སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཡོན་གྱི་སློབ་གསོ་དང་དོ་དམ་འཆར་གཞི་བཟོས་ཐོག་ཐོན་སྐྱེད་རྩལ་ནུས་དང་འཐབ་ས་དང་པོའི་མི་སྣའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བར་སྣང་ཆེན་བྱས་ཏེ་ལོ་འཁོར་མོར་ཏང་ཡོན་25འཕེལ་རྒྱས་གཏོང་བའི་འཆར་གཞི་ཡོད་པ་རེད།

    བྱེད་ཐབས་ལ་སྣང་ཆེན་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཞིང་། “དཔེ་མཚོན་གྱིས་སྣེ་ཁྲིད་པ་དང་སྤུས་ཚད་ལེགས་སུ་གཏོང་བའི”བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་པ་དང་ཀུང་སིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཀྲི་པུའུ་ཁག་གིས་ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་སྒོ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང“འཕྲིན་ལན(རྟེན་འབྲེལ་འཕྲིན་ཡིག)ལ་སློབ་སྦྱོང་བྱེད་པ་དང་། ཏང་གཤིས་ལེགས་སུ་གཏོང་བ། ངར་ཤུགས་འཕེལ་བ”སོགས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་སྐུལ་འདེད་བཏང་བ་དང་། ཏང་ཡོན་རྒན་གྲས་དང་དཀའ་ངལ་ཡོད་པའི་ཏང་ཡོན་5ལ་རོགས་སྐྱོར་དང་འཚམས་འདྲི་བྱས་པ་མ་ཟད། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་ཏང་ཡོན་རྒན་གྲས་དང་། དཀའ་ངལ་ཡོད་པའི་ཏང་ཡོན། དེ་བཞིན“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་བཅས་མི་17ལ་ཁ་གསབ་རེ་ཞུ་བྱས་པ། “དར་ཆ་གཉིས”ཀྱི་དཔེ་དམག་གི་སྙིང་སྟོབས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ་ཀུང་སིའི་མི་18ལ་བོད་ཀྱི་དུས་ཚིགས་དང་པོ་དང་གཉིས་པའི“དར་ཆ་གཉིས”ཀྱི་དཔེ་དམག་གི་མཚན་སྙན་ཐོབ་པ་དང་། མི་3ལ་བོད་ལྗོངས་ཀུང་སིའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་མཚན་སྙན་ཐོབ་པ། ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་འདེགས་རུ་ཁག་ལ་བོད་ལྗོངས་ཀུང་སིའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཞབས་འདེགས་རུ་ཁག་གི་མཚན་སྙན་ཐོབ་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།