དབུ་ཤོག>གསར་འགྱུར།
  • ཏང་ཡོན་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་གློག་བརྙན་བལྟ་རུ་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-26

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར་བར་སྐོར་ཁྲོམ་གཞུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས“གློག་རླབས་ནམ་ཡང་གནས་པ་དང་དད་སེམས་ནམ་ཡང་མི་ནུབ་པའི”གསར་བརྗེའི་གློག་བརྙན་སྟོན་པའི་བྱེད་སྒོ་སྤེལ་བ་རེད།

    《ནམ་ཡང་མི་ནུབ་པའི་གློག་རླབས》ནང་གསར་བརྗེའི་དཔའ་བོ་ལི་ཞ(མིང་དངོས་ལ་ལི་པའེ)ཡིས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་སྲོག་ཉེན་དང་དཀའ་ངལ་ལ་མི་སྐྲག་པར་ཏར་འཕྲིན་གཏོང་བའི་ལས་དོན་མཐའ་འཁྱོངས་བྱས། ཞུམ་མེད་ཀྱི་སྙིང་སྟོབས་དང་བློ་སྟོབས་ལ་བརྟེན་ནས་དགྲ་བོ་དང་དཔའ་ངར་ཆེན་པོས་འཐབ་སྟེ། རིན་ཐང་ཧ་ཅང་ཆེ་བའི་ཏར་འཕྲིན་ཡན་ཨན་དུ་བསྐུར། དགྲ་བོར་གསང་བའི་ཏར་འཕྲིན་མི་འཐོབ་པའི་ཆེད་དུ། ཁོང་གིས་སེམས་ཐག་གཙང་བཅད་ཀྱིས་ཤོག་ལེ་འཁྱུར་མིད་བཏང་ནས་རྩ་འཛུགས་སྲུང་སྐྱོབ་བྱས། དགྲ་བོས་བཟུང་རྗེས་ཁོང་གིས་ཏང་གི་གསང་བ་གཏན་ནས་མ་བཤད་པས་ཉེས་རྡུང་དྲག་པོ་ཕོག འོན་ཀྱང་ཁོང་གིས་དགྲ་བོའི་གདུག་རྩུབ་ཆེ་བའི་མནར་གཅོད་ལ་གཏན་ནས་མགོ་བོ་མི་སྒུར་བའི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ལྟད་མོ་ལྟ་མཁན་གྱི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་འགུལ་ཆེན་པོ་ཐེབས།

    བར་སྐོར་ཁྲོམ་གཞུང་གི་ཏང་ཡོན་གྱིས་གློག་བརྙན་བལྟས་རྗེས། ཕྱིས་སུ་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་དཔེ་གཞན་སྟོན་གྱིས་གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱས་ཏེ། “ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས”ཐུབ་པར་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་བཀའ་དྲིན་དྲན་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། རང་འཁྲིའི་ལས་ཀར་གཞི་ཚུགས་པ། བྱ་བ་ཆུང་ཙག་ནས་སྒྲུབ་པ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འོས་འགན་མི་བརྗེད་པ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    བར་སྐོར་ཁྲོམ་གཞུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་འགན་འཁུར་བས། “ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། ངས་དཔའ་བོའི་བརྩེ་སེམས་བློ་ལ་བརྟན་པོར་འཆང་བ་དང་འགན་འཁྲི་དང་ལས་འགན་གཙོ་བོར་དམིཌ་ཏེ། སླད་ཕྱིན་གྱི་ལས་དོན་ཁྲོད་དུ་མཛེས་སྡུག་ལྡན་པའི་འཚོ་བ་སྔར་བས་ཡག་པོ་གཏོད་ཆེད་སྔར་བས་འབད་འབུངས་ཡར་བརྩོན་དང་། འབད་འཐབ་ཀྱི་སྙིང་སྟོབས་དང་གསར་བརྗེའི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བཅས་བྱས་ནས་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བྱེད་པ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཐོག་མའི་དམིཌ་ས་དང་དོན་ལ་བབས་སར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།