དབུ་ཤོག>གསར་འགྱུར།
  • དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-26

    ལྷ་ས་གྲོང་ཁྱེར་གྱིས་ལོ་སྟོད་ནས་བཟུང“མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། འགན་འཁྲི་འཁུར་སེམས་ཆེ་རུ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་རེད།

    ལྷ་ས་གྲོང་ཁྱེར་དང་རྫོང(ཆུས)གི་རིམ་གཉིས་སྲིད་གཞུང་གིས་མཉམ་དུ་ནུས་ཤུགས་བཏོན་ནས་ས་གཙང་བདེ་ཐང་ཐོན་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་ལ་དམིགས་ཏེ། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ལས་སྣོན་ལས་རིགས། ཚོང་དོན་ཟོག་འགྲེམས་ལས་རིགས། ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་དབུལ་སྐྱོར་ཐོན་ལས་ཧུར་ཐག་བཏོད་པ་དང་། “ཁེ་ལས་+མཉམ་ལས་ཁང་+དབུལ་གྲོལ་དུད་ཚང”གི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་བདེ་བླག་ངང་ལག་ལེན་བསྟར་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་དང་དུས་མཚུངས་ས་གནས་དེ་གའི་མང་ཚོགས་མ་རྐང་ལ་ཞུགས་པ་དང་ལས་ཀར་བཅུག་ནས་འབབ་འཕར་ཡོང་ཐབས་བྱས་པ་རེད།

    མིག་སྔར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཞིང་ལས་དཔེ་སྟོན་གླིང་དང་སྟག་རྩེ་གསེར་སྙེ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་24ཐོན་ལས་རོགས་སྐྱོར་ལ་ཞུགས་པ་དང་། དབུལ་གྲོལ་མང་ཚོགས་དུད་ཚང་3291གི་འབབ་འཕར་ལ་སྐུལ་ཁྲིད་བྱས་ནས་ཁེ་ལས་དང་དབུལ་གྲོལ་དུད་ཚང་གཉིས་ཀར་ཕན་པ་ཐོབ་པར་བྱས་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་ཚོས་ཐོན་སྐྱེད་དང་། ས་ཞིང་ནང་བཤུག རྒྱུ་ནོར་བོགས་གཏོང་། ཨར་པོ་རྒྱུག་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་རིམ་རྩིས་བྱས་ན་བགོ་འགྲེམས་སྒོར་དུང་ཕྱུར་1.31རག་པ་དང་། དབུལ་གྲོལ་མང་ཚོགས་6000ལྷག་ཙམ་ལས་ཞུགས་ཐུབ་པ་དང་མི་ཐེངས་ཁྲི་11ལྷག་ཙམ་གྱི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད། དབུལ་གྲོལ་མང་ཚོགས་ཀྱི་རིན་ཐང་དོན་གཉེར་གྱི་བསམ་པ་དང་དཀའ་སྤྱད་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་དམ་འཛིན་བྱ་གཞི་འཚོལ་མཁས་པོ་བྱས་ནས། མལ་གྲོ་གུང་དཀར་རྫོང་གི་གྲོང་ཚོ་དང་ཚོགས་ཆུང་དྲུག་ཚོད་ལྟར་བྱས་པའི“ཡིད་དུ་འོང་བའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི་ཁག་དང་པོ་བདེ་བླག་ངང་ལག་ལེན་བསྟར་བ་རེད། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་མ་དངུལ་སྒོར་དུང་ཕྱུར་36.4བཏང་སྟེ། རྫོང(ཆུས)7དང་གྲོང་ཚོ(གྲོང་ལྷན)43ལ“ཡིད་དུ་འོང་བའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་ས་ཚིགས་ལག་ལེན་བསྟར་བ་རེད། སྔོན་དཔག་ལྟར་ན་ལོ་མཇུག་ཏུ་མང་ཚོགས་དུད་ཚང་485ཁང་པ་གསར་པར་སྤོ་རྩིས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།