དབུ་ཤོག>གསར་འགྱུར།
  • ཁྲེང་ཀོན་ཆུས་ཚལ་གྲོང་ཚོས་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-26

     ཉིན་ཤས་བསྟུད་མར། ཚལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་མཉམ་སྐྲུན་ཚན་པས་གཟའ་འཁོར་མི་རེ་ངོ་རེར་སྡེ་ཁུལ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བར་བསྐྱོད་དེ་སྔོན་ལ་དཔེ་སྟོན་དང་རང་དཔེ་གཞན་སྟོན་བྱས་པར་བརྟེན། ཚལ་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་དུས་མཚུངས། རང་འགུལ་གྱིས་དེའི་ནང་ཞུགས་པའི་གྲོང་མི་ཚོའི་སྤྲོ་སེམས་ཀྱང་འཕེལ་ནས་མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་གྲོང་ཚོ་ཞིག་མཉམ་དུ་བསྐྲུན་ཡོད་པ་རེད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་ཞབས་ཞུའི་རུ་ཁག་གིས“མ་ཡུམ་གཙང་པོའི་ཆུ་ལམ་དང་དེ་བཞིན་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་དང་བཅོས་སྐྱོང་བྱེད་སྒོའི”སྐོར་གྱི་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་དང་། ཚལ་གུང་ཐང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན། དོན་གཅོད་ཁྲུའུ་བཅས་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱར་དམིགས་ཏེ། ཚལ་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྷ་ས་སྐྱིད་ཆུའི་དུམ་བུ་དང་ཀརྨ་ལུང་ཤུར་དུ“ངས་ཁོར་ཡུག་གཙང་མ་བཟོས་ནས་མ་ཡུམ་གཙང་པོ་སྲུང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་དང་བླངས་པ་ཚོས་ནུས་ཤུགས་ཡོད་རྒུས་གཙོ་བོ་གཙང་པོའི་ཆུ་རྒྱུད་ཀྱི་ཤིང་ཧྲུག་དང་། འགྱིག་ཤོག འགྱིག་དམ། ཤོག་སྒམ་སོགས་གད་སྙིགས་གཙང་སེལ་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་དང་བླངས་ཞབས་ཞུའི་རུ་ཁག་དང་། ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་མི་སྣ་སོགས་མི་50ལྷག་ཙམ་ཞུགས་ནས་གད་སྙིགས་རྩྭ་རས་20ལྷག་ཙམ་གཙང་སེལ་བྱས་པ་རེད། ད་ཐེངས་མ་ཡུམ་གཙང་པོ་བཅོས་སྐྱོང་གི་བྱེད་སྒོ་སྤེལ་ནས་གནད་ཀྱིས་ཁྱོན་གྱི་སྣེ་ཁྲིད་པ་དང་རྒྱ་ཆེའི་མང་ཚོགས་མ་ཡུམ་གཙང་པོ་སྲུང་སྐྱོང་གི་ལག་ལེན་བྱེད་སྒོའི་ནང་ཞུགས་རྒྱུའི་དྲིལ་བསྒྲགས་དང་སྐུལ་སློང་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་སྔོན་སྐྱོད་པ་དང་། དར་སྤེལ་པ། སྣེ་ཁྲིད་པ་བཅས་ཧུར་ཐག་བྱས་ནས་མཛེས་སྡུག་ལྡན་ལ་དྭངས་གཙང་གི་མ་ཡུམ་གཙང་པོ་བསྐྲུན་ཆེད། སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་བརྩོན་ལེན་བྱས་པ་རེད།

    གཞན་ཡང་། ཚལ་གྲོང་ཚོས་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་དང་། ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་བཅས་དང་དེ་བཞིན་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་ཉེན་རྟོག་ལས་དོན་ཁང་དང་མཉམ་འབྲེལ་བྱས་ནས་ཁོངས་གཏོགས་ཁུལ་དུ“ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི”ཁྲོམ་གཞུང་དང་སྲང་ལམ་བཅོས་སྐྱོང་གི་དང་བླངས་བྱེད་སྒོ་ཧུར་ཐག་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཁོར་ཡུག་སྲུང་སྐྱོང་དང་གྲོང་ཚོ་མཛེས་སུ་གཏོང་བའི་གྲོང་མི་དང་ཚོང་དུད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།