དབུ་ཤོག>གསར་འགྱུར།
  • ཡུལ་མི་སྤུན་མཆེད་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-25

    1336674_yis_1637769600000_s.jpg

    འདི་ནི་བསྟན་འཛིན་དངོས་གྲུབ(དཀྱིལ)དང་ལས་དོན་མི་སྣས་ཐོན་རྫས་ལས་སྣོན་དང་སྤུས་ཚད་ལེགས་སུ་གཏོང་བའི་གནད་དོན་ལ་ཞིབ་དཔྱད་གྲོས་བསྡུར་བྱེད་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་བསྟན་འཛིན་དངོས་གྲུབ་ཀྱིས་2013ལོར་དབང་པོ་སྐྱོན་ཅན་གྱི་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་བཙུགས་པ་རེད། ཉེ་བའི་ལོ་ཤས་རིང་། གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་བཟང་པོ་རབ་དང་རིམ་པར་བརྟེན་ནས་མཉམ་ལས་ཁང་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། ཐོན་རྫས་འཚོང་ལམ་རིམ་བཞིན་རྒྱ་སྐྱེད་བྱུང་བ། ཕན་འབྲས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། བསྟན་འཛིན་དངོས་གྲུབ་ཀྱིས་གསར་འགོད་པར་མཉམ་ལས་ཁང་གིས་ད་དུང་གཅིག་རྗེས་གཉིས་མཐུད་ངང་ཞིང་ལས་འཕྲུལ་ཆས་ཉམས་བཟོ་དང་ཞིང་ཞོར་ཐོན་རྫས་ལས་སྣོན་སོགས་ཀྱི་རྣམ་གྲངས་མང་དུ་བཏང་ནས། དབང་པོ་སྐྱོན་ཅན་དེ་བས་མང་བར་ལས་ཞུགས་དང་རྩལ་ནུས་གསོ་སྦྱོང་གི་ལས་སྟེགས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།