《ལོ་གཉིས་བསྟུད་མར་ལོ་འཁོར་སྙན་ཞུ་ཁྲིམས་བཞིན་རེ་ཞུ་བྱས་མེད་པའི་ཁེ་ལས་གཙང་བཤེར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་གཞུང་ལས་ཁང་གི་བརྡ་ཐོའི》བླང་བྱ་གཞིར་བཟུང་། ཉེ་ཆར། ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། ཡིག་ཆའི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ། ལས་དོན་ཆེད་དོན་ཚན་ཁག་ལ་གཙང་བཤེར་ལས་དོན་མགྱོགས་མྱུར་སྤེལ་དགོས་པའི་བཀའ་བཏང་བ་རེད།
ད་ཐེངས་ཀྱི་ལས་དོན་སྤེལ་རིང་། ཁེ་ལས་ཀྱི་ལོ་འཁོར་གྱི་སྙན་ཞུ་དང་རེ་ཞུའི་གནས་ཚུལ་འདྲི་རྩད་དང་། ཁ་པར་ཐོག་ནས་བརྡ་ཐོ་གཏོང་བ། ས་ཆ་དངོས་སུ་ཞིབ་བཤེར་བྱེད་པ། ཁྲལ་དོན་སྡེ་ཚན་དང་མཉམ་དུ་ཁེ་ལས་ཀྱི་ཁྲལ་དོན་གནས་ཚུལ་ལ་ཞིབ་བསྡུར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁྱོན“རོ་རེངས་ཁེ་ལས”111གཙང་བཤེར་བྱས་པ་རེད། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་བཞིན་དེའི་ཚོང་གཉེར་ལག་ཁྱེར་ཕྱིར་བསྡུ་བྱས་པ་རེད།
ད་ཐེངས་ཀྱི་ལས་དོན་བརྒྱུད། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཀྱིས“རོ་རེངས་ཁེ་ལས”གཙང་བཤེར་བྱེད་ཁྱོན་སྔར་བས་ཁ་གསལ་བཟོས་ནས་སླད་ཕྱིན་ལས་དོན་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།