དབུ་ཤོག>གསར་འགྱུར།
  • “འཕྲིན་སྐྱེལ་ཕུག་རོན་ཆུང་ངུས” སེམས་འབྲེལ་ཟམ་པ་བཙུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-24

    1307408_yis_1637683200000_s.jpg

    འདི་ནི་ཨ་རྩ་གྲོང་རྡལ་གྱི“འཕྲིན་སྐྱེལ་ཕུག་རོན་ཆུང་ངུའི”ཆ་འཕྲིན་པ་སྲི་ཆོས་མཚོ་མོས(གཡོན་གྱི་དང་པོ)དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    མང་ཚོགས་དང་ཉེ་བཅར་དང་མང་ཚོགས་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། 2020ལོའི་ཟླ་4པར་ལྷ་རི་རྫོང་གིས“ལྷ་རི་རྫོང་གི་འཕྲིན་སྐྱེལ་ཕུག་རོན་ཆུང་ངུའི”ལས་སྟེགས་ཤིག་བཏོད་དེ། ཏང་དང་མང་ཚོགས་དབར་འབྲེལ་ཟམ་བཙུགས་པ་རེད། ལས་སྟེགས་དེས་ཆ་འཕྲིན་འཚོལ་བསྡུ་དང་། གནས་ཚུལ་ཁྱབ་བསྒྲགས། ཆ་འཕྲིན་བརྒྱུད་བསྒྲགས། སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་འགན་ནུས་སྒྲུབ་ཀྱི་ཡོད་པ་དང་། “འཕྲིན་སྐྱེལ་ཕུག་རོན་ཆུང་ངུའི”ཆ་འཕྲིན་པ་ཚང་མ་ཏང་ཡོན་གྱིས་འགན་འཁུར་གྱི་ཡོད་པ་རེད། མིག་སྔར། “ལྷ་རི་རྫོང་དུ་འཕྲིན་སྐྱེལ་ཕུག་རོན་ཆུང་ངུའི”ལས་སྟེགས་168དང“འཕྲིན་སྐྱེལ་ཕུག་རོན་ཆུང་ངུའི”ཆ་འཕྲིན་པ་536ཡོད་པར་རྫོང་ཡོངས་ཀྱི་ཤང་གྲོང་10དང་གྲོང་ཚོ(གྲོང་ལྷན)122ལ་ཁྱབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།